《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月27日

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

(1921ལོའི་ཟླ་7པ་ནས་2021ལོའི་ཟླ་6པ་བར)

2010ལོ།

★ ཟླ་1ཚེས་1ཉིན་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་ཕྱོགས་ཡོངས་ནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

★ ཟླ་3ཚེས་14ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བར་བརྟེན། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་མི་འབོར་བསྡུར་གྲངས་གཅིག་མཚུངས་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱ་རྒྱུ་ལག་བསྟར་བྱས་པ་རེད།

★ ཟླ་4ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད(2010ལོ་ནས་2020ལོ་བར)》བཀྲམ་པ་རེད།

★ ཟླ་4ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི《ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་ཁྲོད་དུ་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བརྒྱུད་སྤེལ་བྱས་ཏེ། སྔོན་གཏོད་ལེགསབརྩོན་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་པ་རེད།

★ ཟླ་4ཚེས་30ཉིན་2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་རེད། འདི་ནི་ཀྲུང་གོས་ཕྱོགས་བསྡུས་རང་བཞིན་གྱི་འཛམ་གླིང་དངོས་མང་སྟོན་ཚོགས་གཉེར་ཐེངས་དང་པོ་རེད།

★ ཟླ་10ཚེས་31ཉིན་དངོས་མང་སྟོན་ཚོགས་མཇུག་འགྲིལ་བ་རེད།

★ ཟླ་5ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་ཞུ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ་རེད། 2017ལོའི་ཟླ་2ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཟོ་བཅོས་བརྒྱབ་པའི《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་ཞུ་བའི་གཏན་འབེབས》བཀྲམ་པ་རེད།

★ ཟླ་6ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གིས《དུས་བབ་གསར་པའི་འོག་ཏང་གི་ལོ་རྒྱུས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། ཟླ་7ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཏང་གི་ལོ་རྒྱུས་ལས་དོན་གྱི་ཚོགས་འདུ་འཚོགས་པ་རེད།

★ ཟླ་6ཚེས་29ཉིན་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་དང་ཐའེ་དབན་མཚོ་འགག་སྤེལ་རེས་ཐེབས་རྩ་ལྷན་ཚོགས་ཀྱིས་ཁྲུང་ཆིང་དུ《མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།

★ ཟླ་7ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད(2010ལོ་ནས་2020ལོའི་བར)བཀྲམ་པ་རེད།

★ ཟླ་10ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད།

★ ཟླ་10ཚེས་15ནས་ཚེས་18ཉིན་བར། ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོ》ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་12ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་བྱེད་པོའི་བྱེད་ནུས་ཁུལ་གྱི་འཆར་འགོད》བཀྲམ་པ་རེད། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་འཆར་འགོད་བྱེད་ཐེངས་དང་པོ་རེད།

★ ལོ་འདིར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་ཏེ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཉིས་པར་གྱུར་ཡོད།

(རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)

(མུ་མཐུད་འགོད་རྒྱུ)