《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月27日

ལྷོ་ཁ་གྲོང་ཁྱེར་གྱིས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་དང་། ཞིང་འབྲོག་པའི་འབབ་འཕར། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ལ་དམ་འཛིན་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མགྱོགས་མྱུར་མཉམ་འདྲེས་དང་འཛུགས་སྐྱོང་བྱས་ནས་འགྲིམ་འགྲུལ་གྱི་ལེགས་ཆ་འདོན་པ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྒོ་དབྱེའི་བསམ་བློའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཕྱོགས་གསུམ་ནས་བྱས་རྗེས་གསར་པ་བཞག་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་ནས་ཁོང་དུ་ཏན་ཏིག་ཆུད་པ་དང་། གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ལག་བསྟར་བྱས་པ། དངོས་ཚན་དཔལ་འབྱོར་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྐུལ་འདེད་མགྱོགས་མྱུར་བཏང་བ། ཏང་གིས་དཔལ་འབྱོར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་སྐུལ་སློང་། ལས་བྱེད་པས་བྱེད་ཕོད་པ་དང་། ས་གནས་ཀྱིས་སྒྲུབ་ཕོད་པ། ཁེ་ལས་ཀྱིས་གཏོད་ཕོད་པ། མང་ཚོགས་ཀྱིས་བསམ་ཕོད་པ་བཅས་བྱས་ཏེ། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་བྱས་རྗེས་གསར་པ་མངོན་པར་བྱས་པ་དང་རྒྱུགས་ལན་གསར་པ་ཕུལ་ཡོད།