《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས།

ལོ་5ཡི་རིང་སྲིད་འཛིན་གྱོད་གཞི་སྣ་ཚོགས་275བདག་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གི་2016ལོ་ནས་2020ལོ་བར་གྱི་སྲིད་འཛིན་འདྲི་གཅོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2016ལོ་ནས་2020ལོ་བར་ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་སྲིད་འཛིན་གྱོད་གཞི་སྣ་ཚོགས་275བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་གྱོད་གཞི་159(2011ལོ་ནས་2015ལོ་བར)འཕར་བ་དང་གྱོད་ཐག་གཅོད་ཚད་100%ཟིན་ཡོད། དེའི་ནང་འདྲི་གཅོད་དང་པོའི་སྲིད་འཛིན་གྱོད་གཞི་174ཟིན་པ་དེ་དུས་མཚུངས་ལས་གྱོད་གཞི་87འཕར་བ་དང་། འདྲི་གཅོད་གཉིས་པའི་སྲིད་འཛིན་གྱོད་གཞི་64ཟིན་པ་དེ་དུས་མཚུངས་ལས་གྱོད་གཞི་35འཕར་བ། སྲིད་འཛིན་དགོངས་སྐོར་བརྡ་ལན་གྱོད་གཞི་12ཟིན་པ། སྲིད་འཛིན་ཞུ་གཏུག་མིན་པའི་ལག་བསྟར་གྱོད་གཞི་19ཟིན་པ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2020ལོའི་ཟླ་10ཚེས་1ཉིན་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་ལ་སྲིད་འཛིན་གྱོད་གཞི་བལྟོས་བཅས་གཅིག་སྡུད་ཀྱི་ཁོངས་གཏོགས་ཚོད་ལྟའི་སྒྱུར་བཅོས་ལས་དོན་སྤེལ་བ་མ་ཟད། 《སྲིད་འཛིན་གྱོད་གཞི་བལྟོས་བཅས་གཅིག་སྡུད་ཀྱི་ཁོངས་གཏོགས་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཇུས་གཞི》བཟོས་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཁྲིམས་ཁང་བཅས་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྱོད་གཞི་བལྟོས་བཅས་གཅིག་སྡུད་ཀྱི་ཁོངས་གཏོགས་ཚོད་ལྟའི་ཁྲིམས་ཁང་དུ་གཏན་འཁེལ་བྱས་ཡོད་པ་རེད།