《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས།

བར་བརྒལ་དུས་ཀྱི་ཆེད་དོན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་17ཉིན་གནས་ཚུལ་འབྱོར་གསལ། 2021ལོ་ཚུན། ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་སྤེལ་བར་དམིགས་པ་དང་། བར་བརྒལ་དུས་ཀྱི་ཆེད་དོན་ལྟ་སྐུལ་དམ་འཛིན་བྱེད་སར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ཆབ་སྲིད་ལྟ་སྐུལ་གྱི་གཙོ་གནད་ནང་དོན་དུ་བཅུག་སྟེ། དམངས་ཕན་དམངས་ཕྱུག་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཕན་ཚུན་མཉམ་འདྲེས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་ཡོད།

ཁ་ཕྱོགས་དང་གཙོ་གནད་གསལ་པོ་བྱུང་ཚེ། གཞི་ནས་གནད་སྨིན་ལྟ་སྐུལ་དང་དོན་འཁྱོལ་བྱེད་ཐུབ། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས《ཆེད་དོན་ལྟ་སྐུལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་འབྲེལ་ཡོད་ལས་ཀའི་སྐོར་གྱི་ལམ་སྲོལ》དང《གྲོང་ཁྱེར་ཡོངས་སུ“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་ཐོན་ལས་རྣམ་གྲངས་ལ་མཐིལ་རྟོགས་བརྟག་ཞིབ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆ་བཟོས་ནས་བཀྲམ་པ་དང་རྩ་འཛུགས་ཀྱི་སྒྲོམ་གཞི་དང་། ལམ་ལུགས་ལམ་སྲོལ། བཀོལ་སྤྱོད་ལག་བསྟར་བཅས་ཀྱི་ཐད་ནས་ཆེད་དོན་ལྟ་སྐུལ་གྱི་ལས་དོན་བཀོད་སྒྲིག་བྱས་ཡོད།

རྫོང་དང་ཤང་གི་ཐོན་ལས་རྣམ་གྲངས་ཀྱི་གཞི་གྲངས་གསལ་པོར་རྟོགས་ཆེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་སྔ་རྗེས་སུ་རྫོང་དང་ཆུས་8ལ་ས་གནས་ས་ཐོག་ཏུ་བསྐྱོད་དེ་བརྟག་ཞིབ་བྱས་པ་དང་། ལྷག་པར་དུ་གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་དམིགས་ལས་དོན་ཚོགས་ཆུང་10ཡི་ལས་དོན་སྤེལ་ཚུལ་བསྡུ་རུབ་དང་ཁོང་དུ་ཆུད་པར་བྱེད་པའི་རྨང་གཞིའི་ཐོག་འདམ་གཞུང་དང་། མལ་གྲོ སྟག་རྩེ་སོགས་རྫོང་དང་ཆུས་སུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་ཀྱི་འགན་ནུས་སྡེ་ཚན་དང་། རྫོང་དང་ཤང་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས། གྲོང་ཚོ་རིམ་པའི་སྒྲིག་བཤེར་ལྟ་སྐུལ་བ་བཅས་དང་མཉམ་དུ་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས། གྲོང་གསེབ་དར་རྒྱས་གཏོང་རིང་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཆེད་དོན་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་དར་རྒྱས་ཀྱི་ཞན་ཆ་དང་ཉམས་ཞན་ལ་དམིགས་ནས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་མཉམ་དུ་དུས་ཡུན་ཉིན་40ལྷག་ཙམ་རིང་ས་གནས་ས་ཐོག་ཏུ་འདྲི་རྩད་དང་། དཔྱད་ཡིག་ལ་ལྟ་བ། ཡིག་ཐོག་བརྟག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་8དང་ནུས་པའི་ཁུལ་4ཡི་ཐོན་ལས་རྣམ་གྲངས་154ལག་བསྟར་དང་། གཉེར་སྐྱོང་། དབང་ཆ་གཏན་འཁེལ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ལ་ཁྱབ་པ་དང་གཤམ་སྐྱོད་རྣམ་པའི་མཐིལ་རྟོགས་བརྟག་དཔྱད་ཞིབ་འཇུག་བྱས་པས་རིགས་7དང་ཁག་2ཀྱི་གནད་དོན་110ཤེས་ཡོད། རྫོང་དང་ཆུས་ཁག་གི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མངགས་གཏོང་སྒྲིག་གཞི་ཁག་གིས་ལས་འགན་ཁག་31དང་ལྷག་དོན་དུ“དམིགས་པ་20”ཡི་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་དོན་ལྟ་སྐུལ་གྱི་ལས་དོན་སྤེལ་ཚུལ་དང་། དེ་བཞིན་གནས་པའི་གནད་དོན་གསེད་བཀྲོལ་ནན་ཏན་བྱས་ཏེ་ཆེད་དོན་སྙན་སེང་བྲིས་ནས་གོམ་སྟབས་རྗེས་མར་ཆེད་དོན་ལྟ་སྐུལ་གྱི་ལས་དོན་ཡག་པོ་སྒྲུབ་པར་དཔྱད་གཞི་མཁོ་འདོན་བྱས་ཡོད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་སྒྲིག་གཞི་9ཡིས་ལྟ་སྐུལ་ཚན་པས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་སྤེལ་རིང་འཁུར་བའི་འགན་འཁྲི་ཞིབ་ཕྲ་བློ་ལ་ངེས་ནས“འཐེན་འབྱོར་ལྟ་སྐུལ”གྱི་ནུས་པ་གང་ལེགས་བཏོན་ཏེ་དམིགས་སའི་རང་བཞིན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད། སྟག་རྩེ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཐོན་ལས་རྣམ་གྲངས་ཀྱི་འགག་རྩའི་ལྷུ་ཚིགས་འདིར་དམ་པོར་དམིགས་པས་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གྱི་ཁུངས་སྣེ་3ཤེས་ཏེ་རྫོང་དང་ཆུས་ཀྱི་ཆེད་དོན་ལྟ་སྐུལ་ལས་དོན་སྤེལ་བར་འགོ་ཡག་པོ་བཙུགས་ཡོད།

གནད་དོན་ཤེས་རྟོགས་བྱེད་པ་ནི་དམིགས་ཡུལ་མིན་པར་གནད་དོན་ཐག་གཅོད་ནི་དམིགས་ཡུལ་རེད། ཐོན་ལས་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་སྣེ་ཁྲིད་ཀྱིས་གསེད་བཀྲོལ་བྱེད་པ་དང་འབྲེལ་གནད་དོན་གྱི་གསལ་ཐོ་དང་ཞིབ་བསྡུར་བྱས་ནས་བཅོས་སྒྲིག་བྱེད་པར་ལྕག་སྐུལ་བྱས་པ་དང་དུས་མཚུངས། 2020ལོའི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་དང་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་ལ“ཕྱིར་མིག་ལྟ་བའི”ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ཞིབ་བཤེར་དང་ཚུར་ལན་གནད་དོན་33བཅོས་སྒྲིག་དང་གནད་དོན་གྱི་ཁུངས་སྣེ་4ཡི་ཐག་གཅོད་ལ་དམིགས་པ་དང་།“འབྲེལ་མཐུད་ནུས་ལྡན”ལ་དམ་པོར་དམིགས་ནས་དག་ཐེར་བྱེད་དགོས་རིགས་ཀྱི་གནད་དོན་32ཤེས་རྟོགས་བྱུང་བ་དང་གནད་དོན་29དག་ཐེར་བྱས་ཏེ་གནས་པའི་གནད་དོན་བཅོས་སྒྲིག་ཏན་ཏིག་ཐུབ་པའི་འགན་ལེན་བྱས་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་དཔའ་མོས་ཞུས)