《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

དུས་ཚིགས་དང་པོར་རང་ལྗོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་1.32མང་དུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོཌ་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་1.32མང་དུ་ཕྱིན་པ་དང་། མིག་སྔར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་41.49ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་མང་དུ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁེ་ལས་ཀྱིས་ལས་སྟེགས་གཉེར་རྒྱུ་སྔར་བས་ལེགས་སུ་བཏང་བ་དང་ཁེ་ལས་ཀྱིས་ཞབས་ཞུ་གཉེར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཁེ་ལས་ཀྱི་ཞིབ་མཆན་འགོད་པའི་དུས་ཚོད་ལས་ཀའི་ཉིན་གྲངས་4བར་ཐུང་དུ་བཏང་བ་དང་། ལོའི་ནང་ལས་ཀའི་ཉིན་གྲངས་3བར་ཐུང་དུ་གཏོང་རྒྱུའི་བརྩོན་ལེན་བྱས་པ། ཁྲོམ་རའི་བྱེད་པོས་ཐོ་འགོད་བྱ་རྒྱུ་དེ་ལས་ཀའི་ཉིན་གྲངས་1.5ནང་ཚུན་དུ་ལེགས་སྒྲུབ་བྱས་པ་བཅས་རེད།

གོམ་སྟབས་རྗེས་མར་བོད་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག》དྲིལ་བསྒྲགས་དང་ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ལ་ཐོ་འགོད་ལས་སྒོའི་གསོ་སྦྱོང་བྱས་ཏེ་ཁྲོམ་ར་ལྟ་འདོམས་ཀྱི་ཐོ་འགོད་ལས་དོན་མི་སྣའི་འཇོན་ཐང་དང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྒྱུར་བཅོས་བྱེད་ཐབས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།