《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ལྗོངས་ཡོངས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་རིམ་ཁག་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)

ཚོགས་འདུ་གྲོལ་རྗེས། ལྗོངས་ཡོངས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཕྲལ་མར་འཚོགས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་མིག་སྔ་དང་དེ་བཞིན་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཁྲེན་ཡུང་ཆི་ཡིས་གསུང་བཤད་གནང་བ་དང་ལུའོ་མེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཁྲེན་ཡུང་ཆིས་ཉེ་དུས་རྒྱལ་སྤྱིའི་རིམས་ནད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རྒྱལ་ནང་དུ་ནད་དཔེ་ཡང་ཡང་ཐོན་པ་དང་། ལྷག་པར་དུ“དུས་ཆེན་གསུམ”འཆར་ལ་ཉེ་བ་བཅས་ཀྱི་སྐབས་སུ་མི་སྣ་འགྲོ་འོང་དང་། ཟོག་འགྲེམས། བོད་ནས་འགྲོ་འོང་བྱེད་མཁན་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་གསུངས་ཤིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་མི་གཏོང་བ་དང་སླར་ཡང་དམ་འཛིན་བྱས་ཏེ“འགོག་སྲུང་དྲ་བ”སྔར་བས་ཚགས་དམ་དུ་བཏང་ནས་འགག་སྒོ་དང་། གནམ་ཐང་། མེ་འཁོར་བབས་ཚུགས། ཞིབ་བཤེར་ས་ཚིགས་སོགས་གཙོ་གནད་ས་ཁོངས་དང་ལྷུ་ཚིགས་ཀྱི་རིམས་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཏེ་བོད་ཀྱི་རིམས་ནད་ཀྱི་འགག་སྒོ་ནན་པོ་སྲུང་དགོས་པ་དང་། འཕྲལ་སྡོམ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་འཕྲེད་ཕྱོགས་ནས་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་དབར་གཞུང་ཕྱོགས་ནས་མཉམ་ལས་དམ་ཟབ་བྱས་ནས་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། ལས་ཀའི་ཞན་ཆ་སྔར་བས་སེལ་བ་དང་། རང་བཤེར་ནན་པོ་བྱེད་པ། གནད་དོན་དག་ཐེར་བྱེད་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏོང་བ། ལོ་60ཡན་གྱི་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཁྲིད་སྟོན་བཅས་བྱས་ནས་མང་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་བརྟན་དུ་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་དུ་སྔོན་འགོག་མཐའ་འཁྱོངས་བྱེད་པ། བོད་འདྲེན་དངོས་ཟོག་དང་། སྐྱེལ་འདྲེན་ཡོ་བྱད། ས་ཆ་གལ་ཆེན་བཅས་ལ་དུག་སེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཙོ་གནད་མི་ཚོགས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་དོ་དམ་བྱ་ཐབས་དོན་འཁྱོལ་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲིར་ལྷོད་གཡེང་མི་གཏོང་བར་དེ་བས་ནན་དུ་བཏང་ནས་གཏོགས་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི“ཕྱོགས་བཞིའི”འགན་འཁྲི་ནན་དུ་གཏོང་བ་དང་། “སྔ་ཙམ་བཞིའི”བྱེད་ཐབས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ལས་རིགས་ཁྱབ་ཁོངས་ལ་དོ་དམ་བྱེད་པའི་ཐད་ངེས་པར་དུ་རིམས་འགོག་ལས་དོན་ལ་དོ་དམ་དང་། ལས་སྒོའི་ལས་དོན་ལ་དོ་དམ་བྱེད་པའི་ཐད་ངེས་པར་དུ་རིམས་འགོག་ལས་དོན་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པའི་ཐད་ངེས་པར་དུ་རིམས་འགོག་ལས་དོན་ལ་དོ་དམ་བཅས་མཐའ་འཁྱོངས་ཀྱིས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ། འགན་འཁྲི་སེམས་ལ་འཆང་བ། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་དོན་འཁྱོལ་ཐུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་བདེ་ཐང་དང་། དུས་བདེ། དགའ་སྤྲོ། འཆམ་མཐུན་བཅས་ཀྱི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།