《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཀྲོང་ཡན་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་7ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོཌ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་བས། ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་ཐེབས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་སོང་བ། བསམ་བློ་ཆབ་སྲིད་ལ་བརྟེན་ནས་སྣེ་ཁྲིད་གནད་སྨིན་བྱུང་བ། རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་ཐེབས་ནས་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “སྲུང་སྐྱོང་གཉིས”ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་རྩ་འཛུགས་ཤིག་གི་ངོས་ནས་མི་དམངས་སྲིད་གྲོས་ཀྱི་རྩ་བའི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་དང་། བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོས་ནས་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་དང་ནུས་པ་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་བས་བརྟན་དུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས“གསར་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་དམིགས་བསལ་གྱི་བྱས་རྗེས་མངོན་པར་བྱེད་དགོས། “དོན་ཆེན་བཞིར”ཞབས་འདེགས་ཞུ་བ་དང“འགན་ལེན་བཞིར”རང་འགན་གཙང་སྒྲུབ་ཡོང་བར་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ཁག་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་དགོས། ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། ཞུམ་མེད་སྟོབས་ལྡན་གྱི་སྲིད་གྲོས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་སྔར་བས་ཞུན་བརྡར་ཡག་པོ་བྱེད་པ། སྲིད་གྲོས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་སྤེལ་ཚུལ་བདེན་སྲུང་གསར་གཏོད་ལ་སྔར་བས་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་གཟུགས་བརྙན་བཟང་པོ་སྔར་བས་གཏོད་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ། གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་ཀྱི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་མཚམས་གཅོད་ཀྱིས་ཞུས)