《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年11月22日

ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་19ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས། རང་ལྗོངས་ཀྱི་དུས་རབས་གསར་པའི་མཐའ་སྟོབས་ལས་དོན་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། སྲིད་གཞུང་གི་ལས་ཀའི་སྒྲིག་སྲོལ་སོགས་སྐོར་ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཐའ་སྟོབས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱེད་པ་བཅས་བྱས་ནས་ས་སྲུང་མཐའ་བརྟན་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལྟ་འདོམས་ཁེ་ལས་ཀྱི་མ་དངུལ་གཞན་སྒྱུར་དང་རང་སྐྱོང་ལྗོངས་འགྲིམ་འགྲུལ་རྩད་ཞིབ་འཆར་འགོད་ཞིབ་འཇུག་ཁང་གི་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་ནས། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་སྐབས་འགག་རྩ་ནི་རང་བདག་དབང་ཆ་ཁ་གསལ་བཟོ་བ་དང་། གཉེར་སྐྱོང་དབང་ཆ་ལྷུག་ཏུ་གཏོང་བ། དོ་དམ་དབང་ཆར་ཤུགས་སྣོན་རྒྱག་པ། ཐག་གཅོད་དབང་ཆ་ཚད་ལྡན་དུ་གཏོང་བ། ཁེ་ལས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་གནས་ཐང་སྲུང་བ་དང་གནས་ཐང་འཕར་རྒྱུ་མངོན་འགྱུར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག སྲིད་གཞུང་གི་ལས་ཀའི་སྒྲིག་སྲོལ་ནི་སྲིད་གཞུང་འཁོར་སྐྱོད་ཀྱི་སྤྱིའི་སྒྲིག་ལམ་ཡིན། སྲིད་གཞུང་གི་ལས་ཀའི་སྒྲིག་སྲོལ་ལག་ལེན་བསྟར་བར་སྲིད་གཞུང་གི་ཏང་ཙུའི་ལས་ཀའི་སྒྲིག་སྲོལ་དང་ཚད་གཞི་གཅིག་དང་བླང་བྱ་གཅིག་བྱས་ནས། ནང་དོན་ཁག་ལག་བསྟར་མཐར་ཕྱིན་ཡོང་བར་འགན་ལེན་གྱིས། སྲིད་གཞུང་གི་ལས་དོན་ཁག་འཁོར་སྐྱོད་དེ་བས་ཚད་ལྡན་དང་། དེ་བས་ཤར་གཏོང་། དེ་བས་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག རང་ལྗོངས་ཀྱི་སྨན་རྫས་དོ་དམ་དང་གློག་ཤུགས་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འགན་འཁྲི་ནན་དུ་གཏོང་བ། དྲིལ་བསྒྲགས་ཡག་པོ་བྱེད་པ། “ནན་ཤོས་བཞི”ཡི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྨན་རྫས་འཁོར་རྒྱུག་གི་བརྒྱུད་རིམ་ཚང་མར་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།