《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年11月22日

རྩལ་ནུས་འགྲན་ནས་ཉམས་འགྱུར་མངོན།

ཉེ་ཆར། 2021ལོའི་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ལྷ་སར་འགོ་ཚུགས་པ་དང་། ཡུལ་སྐོར་ལས་རིགས་ཀྱི་འགྲན་ཞུགས་པ་བརྒྱ་ལ་ཉེ་བ་ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

འགྲན་བསྡུར་ཆེ་མོས“འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་གཟེངས་བསྟོད་དང་འགྲན་བསྡུར་ཟུང་དུ་འབྲེལ་བའི་རྩ་དོན་ལ་གཞིགས་ཏེ། རྩལ་ནུས་འགྲན་བསྡུར་ཆེ་མོ་སྤེལ་ནས་ཡུལ་སྐོར་ལས་རིགས་ལ་ཞུགས་མཁན་ཚོས་ལས་སྒོའི་ཤེས་བྱ་སློབ་སྦྱོང་དང་། ཞབས་ཞུའི་རྩལ་ནུས་ལ་བརྩོན་ཞིབ། ཞབས་ཞུའི་ཚད་གཞི་མཐོར་གཏོང་བཅས་བྱེད་པར་སྐུལ་འདེད་བཏང་ནས། ཡུལ་སྐོར་ལས་རིགས་ལ་ཞུགས་མཁན་ཚོའི་ལས་རིགས་ཀྱི་གཟི་བརྗིད་དང་སྤོབས་སེམས་ཆེ་རུ་གཏོང་བ་དང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་ཆེད་ཡིན་ཞིང་། འདི་ནི་འགྲན་ཞུགས་པས་མགྲོན་ཁང་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་བྱེད་བཞིན་པ།