《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年11月22日

སོག་རྫོང་གིས་གཞི་རིམ་དུ་དམིགས་སའི་རང་བཞིན་ གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སོག་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རྫོང་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ངག་དབང་གིས་གཡག་ལ་གྲོང་རྡལ་དང་། ཧྲོག་རྟ་ཤང་། ར་བ་ཤང་བཅས་སུ་བསྐྱོད་ནས། “བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་ཇུས་ཁྲིམས་སྲོལ”སྐོར་སྐྱོད་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་། ཤང(གྲོང་རྡལ)དང་། དགོན་སྡེ་དོ་དམ་ཨུ་ལྷན། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི་ལས་བྱེད་པ། མངགས་གཏོང་ཁང་གི་ཉེན་རྟོག་པ། སློབ་གྲྭའི་དགེ་རྒན་སོགས་མི་120ལྷག་ཙམ་སྒྲོག་འགྲེལ་ཚོགས་འདུར་ཞུགས་ཡོད་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག ངག་དབང་གིས་ནང་བསྟན་བོད་དུ་དར་བ་དང་། དེ་བཞིན་སྤྲུལ་སྐུའི་ཡང་སྲིད་ཀྱི་འབྱུང་བ་དང་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་ངེས་སྲོལ། དོ་དམ་ལམ་ལུགས། དོ་དམ་བྱ་ཐབས། མིག་སྔའི་དུས་བབ་སོགས་ཕྱོགས་བདུན་ཐད་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ཁོང་གིས། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ནི་སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་ལེན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ལ་བརྩི་འཇོག་བྱེད་པ། སྤྲུལ་སྐུའི་ཡང་སྲིད་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། སྤྲུལ་སྐུའི་ཡང་སྲིད་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་འཛུགས་པ་དང་། རྒྱུན་འཛིན་ནུས་ལྡན་བྱེད་པར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།

ཐེངས་འདིའི་སྒྲོག་འགྲེལ་ཚོགས་འདུའི་ཐོག་ཁོང་གིས་གོ་བདེ་བའི་སྐད་ཆའི་ཐོག་ནས་སྒྲོག་འགྲེལ་བྱས་ཤིང་། པར་རིས་དང་བརྙན་ལམ་ཐོག་ནས་འགྲེམས་སྟོན་བྱས་པས་བློ་ལ་གཏན་པོ་ངེས་ཐུབ་པ་བྱུང་བ་དང་། ཕན་ཚུན་དྲི་བ་འདོན་པ་དང་ལན་འདེབས་པ་སོགས་ཀྱི་སྒྲོག་འགྲེལ་གྱི་བྱ་ཐབས་སྣ་ཚོགས་སྤྱད་པ་རེད། ཚང་མས་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོས་སྤྲུལ་སྐུའི་ཡང་སྲིད་ལམ་ལུཌ་གསལ་རྟོགས་ཡོང་བར་སྣེ་ཁྲིད་བྱེད་མཁན་ཞིག་དང་། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལས་དོན་སྒྲུབ་མཁན་ཞིག་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།