《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年11月22日

རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ ཐེངས་དྲུག་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

རྒྱུགས་འབུལ་གྱི་ལམ་བུ་གསར་པར་བརྗིད་ཆེའི་ལེའུ་གསར་པ་བརྩམས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་རྩ་བའི་རང་བཞིན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཁག་བཅུ་ཕྱོགས་སྡོམ་བྱས་པར། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)

གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་བྱེད་ལས་བཟོས་བྱེད་ཐབས་སྣ་ཚོགས་བརྒྱུད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པ་རེད། “སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་ཏེ་འབྱུང་འགྱུར་གྱི་འཕེལ་རྒྱས་བསམ་ཕྱོགས་སྔར་བས་གསལ་དུ་ཕྱིན་ནས་ང་ཚོས་མི་དམངས་བློ་ཡིད་འཚིམ་པའི་འགྲིམ་འགྲུལ་དང་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་ཅུས་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེན་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་G4218ལྷ་གཞིས་དུམ་བུའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ལྷ་སའི་ཆུ་ཚོད་3གྱི་དཔལ་འབྱོར་ཁུལ་དང་སྔ་ཙམ་མཉམ་འདྲེས་ཐུབ་པ་བྱེད་པ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་གང་ལེགས་འཚམ་པར་བྱས་ནས་དེ་བས་སྟབས་བདེ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཅིག་བསྐྲུན་རྒྱུ་ཡིན”ཞེས་བརྗོད།

“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། རླབས་ཆེན་གྱི་ལེགས་སྐྱེས། རྩ་ཆེའི་ཉམས་མྱོང་བཅས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་རང་རེའི་ཏང་ལ་རྒྱལ་ཁའི‘གསང་བའི་ལྡེ་མིག’རག་པ་གསལ་སྟོན་གཏིང་ཟབ་བྱས་པ་མ་ཟད། ལོ་རྒྱུས་ཀྱི་དྲི་བ་དང་དུས་རབས་ཀྱི་དྲི་བར་ལན་བརྒྱབ་ཡོད་པས་དེ་ནི་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཕྱོགས་སྟོན་འཁོར་ལོ་དང་དཔུང་སྐྱོད་ལམ་རིས་ལྟ་བུ་རེད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ། འབད་འབུངས་ཡར་བརྩོན་བྱེད་པ། སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་བྱེད་པ། རང་འགུལ་ངང་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་ལས་དོན་ཡག་པོ་དང་གནད་སྨིན་བསྒྲུབས་ཏེ། ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ཐོག་ནས་རྫོང་ཡོངས་ཀྱི‘གྲགས་ཅན་གྲོང་ཁྱེར་དར་རྒྱས་གཏོང་བའི་ལས་གྲྭ’འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་རྒྱལ་རྩེ་རྫོང་གི་ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་ཀྱི་ཡིན”ཞེས་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་ཤང་ཀྲང་གཞོན་པ་ཝང་པིན་གྱིས་བརྗོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་མ་ཐག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཡུལ་སྨད་ཤང་གི་རྩ་འཛུགས་ཨུ་ཡོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ཟླ་བ་གཡུ་སྒྲོན་གྱིས“མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བུད་མེད་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན་ང་ལ་འགན་འཁྲི་ལྕི་པོ་ཡོད། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ཡག་པོ་བྱས་ནས་རང་འཁྲིའི་ལས་ཀ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་བརྗོད།

(པ་ཕན་གྱིས་བསྒྱུར། བསྟན་བློས་ཞུས)