《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས།

“ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི”ཤེས་བྱའི་འགྲན་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། ཏང་གཤིས་བློ་སྦྱོང་སྔར་བས་ཟབ་ཏུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གུང་ཁྲན་ཏང་མིའི་ཕུགས་བསམ་དོན་གཉེར་དང་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས“ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི”ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཧབ་ཐོབ་ལན་འདེབས་སྐབས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། རེས་སྐོར་གསུམ་གྱི་ཧབ་ཐོབ་ལན་འདེབས་བྱས་རྗེས་ཨང་དང་པོ་ཐོབ་མཁན་ནི་བརྒྱད་གཅིག་སྡེ་ཁུལ་གྱི་འཐུས་མི་རུ་ཁག་ཡིན་པ་དང་། ཨང་གཉིས་པ་ཐོབ་མཁན་བཅིངས་འགྲོལ་ལམ་མངགས་གཏོང་ཁང་གི་འཐུས་མིའི་རུ་ཁག་དང་ནོར་སྟོད་སྡེ་ཁུལ་གྱི་འཐུས་མིའི་རུ་ཁག་ཡིན་པ། ཨང་གསུམ་པ་ཐོབ་མཁན་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་འཐུས་མིའི་རུ་ཁག་དང་། དན་བག་སྡེ་ཁུལ་གྱི་འཐུས་མིའི་རུ་ཁག བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་གྱི་འཐུས་མིའི་རུ་ཁག་བཅས་རེད།

ད་ཐེངས་ཀྱི་ཤེས་བྱའི་འགྲན་བསྡུར་སྐབས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་པ་དང་དུས་མཚུངས། “འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་ལ་བརྟེན་ནས་ལག་ལེན་ལ་སྐུལ་འདེད་གཏོང་བའི”སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་པས། ཏང་ཡོན་ལས་བྱེད་པ་ཚོར་སླར་ཡང་གསར་བརྗེའི་ལོ་རྒྱུས་སློབ་གསོ་དང་བསམ་བློའི་ཉམས་སད་ཐེག་པ་དང་། ཤེས་བྱ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། ཏང་གཤིས་བློ་སྦྱོང་གཏིང་ཟབ་ཏུ་ཕྱིན་ཡོད། ཁྲོམ་གཞུང་གི་ཏང་ཡོན་ལས་བྱེད་པ་དང་སྡེ་ཁུལ་གྱི་ལས་དོན་པས་ཏང་གི་ལོ་རྒྱུས་ཤེས་བྱ་སློབ་སྦྱོང་སྔར་བས་གཏིང་ཟབ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་སྐོང་འཐེན་བྱ་རྒྱུར་ཁྲིད་སྟོན་བྱས་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་ལ་གོ་བ་ལེན་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་དོན་ཐོག་ཏུ་འཁྱོལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་པར་བྱས་ཡོད།