《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བཀོད་གཏོང་ བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཀྲུའུ་རེན་ཆེ་དགྲ་ལྷ་ཞུགས་པ་དང་གསུང་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཞུགས་པ་རེད།

ཆེ་དགྲ་ལྷས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱེད་པའི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་འཛིན་པ། ལྷོད་གཡེང་དང་བག་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་དེ་བས་ཞིབ་ཚགས་དང་དེ་བས་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཁྱོན་ཡོངས་ནས་མངོན་མེད་རྐྱེན་ངན་རྩད་ཞིབ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་དང་ཟུང་འབྲེལ་བྱེད་པ། གཙོ་གནད་འབུར་ཐོན་དང་བཅོས་སྐྱོང་ལ་དམ་འཛིན་ལེགས་པོ་བཅས་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། འཛུགས་སྐྲུན་ཨར་ལས། མཐོ་འཛེགས་ལས་སྒྲུབ། སྣུམ་རླངས་གསོག་འདྲེན། བཟའ་བཅའི་བདེ་འཇགས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་དང་དེ་བཞིན་མི་འདུ་འཛོམས་ཆེ་ས་དང་། ཉེན་ཡོད་ཁང་རྙིང་། ཕྱི་རོལ་གྱི་ལུས་སྦྱོང་། མེ་སྐྱོན། ཞོད་སྐྱོན། འདམ་རྡོའི་ཆུ་རུད་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་ས་བཅས་ལ་དམ་པོར་དམིགས་ཏེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཚབས་ཆེན་རྣམས་ལས་འཛོལ་ལ་བརྩིས་ནས་ཐག་གཅོད་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ་དང་ལེབ་གཤེར་རྣམ་པའི་ཞིབ་བཤེར་ཆེན་པོ་བྱེད་པ། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་ཁྲིམས་བསྟར་ནན་པོ་བྱེད་པ། བདེ་འཇགས་ཀྱི་སྐྱོན་ཆ་རྩ་བ་ནས་འགོག་པ་བཅས་བྱས་ནས་དོན་རྐྱེན་འབྱུང་རྩ་ནས་མེད་པར་བཟོ་དགོས། བདེ་འཇགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་ནན་པོ་སྲུང་བ་དང་། འཕྲལ་སྡོམ་སྔོན་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་བཀོད་སྒྲིག་ཆས་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་གསོ་སྦྱོང་གི་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁེ་ལས་དང་། མང་ཚོགས། སྤྱི་ཚོགས་ཡོངས་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་དང་ཉེན་ཁ་སྔོན་འགོག་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་འཛུགས་པ། འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ། དམ་འཛིན་ལྷོད་མེད་བཅས་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་དགོས། ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་བརྒྱད་པའི་ཚུར་ལན་གནད་དོན་གྱི་དག་ཐེར་གོ་སྐབས་སུ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཀྱི་ཧེ་བག་དང་མི་འདང་སར་ཞིབ་བཤེར་ནན་ཏན་བྱེད་པ་དང་། སྔོན་འགོག་བྱེད་ཐབས་སྔར་བས་ལེགས་སུ་གཏོང་བ་དང་ཞན་ཆ་གསབ་པ། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད་བརྟན་ལྷིང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་དབང་གིས་བསྒྱུར། དམ་ཆོས་ཀྱིས་ཞུས)