《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

དཔའ་ངར་ཞུམ་མེད་དང་དམག་རྒྱག་ཕོད་པ་དང་མཁྲེགས་ སར་གཏུག་ཕོད་པའི“ལེན་ཤོག་དྲུག་པ”

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་ལུང་དབྱི།

འདི་ནི་2020ལོའི་ཟླ་5པར“མཁྲེགས་སར་གཏུག་ཕོད་པའི་ལེན་ཤོག་དྲུག་པའི”དཔོན་དམག་གིས་སྦྱོང་བརྡར་ཁུལ་དུ་ནང་སྦྱོང་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

སྐམ་དམག་འབུམ་ཤོག་74པའི་ལུའེ་ཞིག་གི“མཁྲེཌ་སར་གཏུག་ཕོད་པའི་ལེན་ཤོག་དྲུག་པ”1993ལོའི་ཟླ་3པར་ཧོ་པེ་ཞུང་རྫོང་དུ་བཙུགས་པ་རེད། རི་འགོག་དམག་འཁྲུག་གི་འཐབ་རྩོད་དྲག་པོའི་ཁྲོད་བཙུགས་པའི་ལེན་ཤོག་དྲུག་པས་ལོ་80ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་ཞུམ་མེད་མདུན་སྐྱོད་ཀྱི་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་ལྷོ་བྱང་གཉིས་སུ་བསྐྱོད་དེ་བསྟུད་མར་དམག་འཐབ་བྱས་ནས་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པ་དང་། དམར་དམག་གི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་མཁྲེགས་སར་གཏུག་ཕོད་པ་དང་དམག་འཐབ་དྲག་པོ་རྒྱག་ཕོད་པས་དམག་ཡོངས་སུ་གཟི་བརྗིད་མཚན་སྙན་ཆེན་པོ་ཐོབ་པ་དང“མཁྲེགས་སར་གཏུག་ཕོད་པའི་དཔའ་ཉམས་ལྡན་པའི་ལེན་ཤོག་དྲུག་པ”ཞེས་པའི་མཚན་སྙན་བཏོད་ཡོད།

གསར་བརྗེའི་ལོ་རབས་སུ། ལེན་ཤོག་དྲུག་པས་དམག་འཁྲུག་ཐེངས་100ལྷག་ཙམ་བརྒྱབ་ནས་ལིའུ་སི་ཧུའུ་དང་དབྱི་ཡུས་ཧྥང་སོགས་འཐབ་འཛིང་དཔའ་བོ་རབ་དང་རིམ་པ་ཐོན་ཏེ། དགྲ་བོ་ལས་རྣམ་པར་རྒྱལ་བའི་ངར་ཤུགས་དང་། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་སྙིང་སྟོབས། སྙིང་རུས་གཏན་འཁྱོངས་ཀྱི་བློ་སྟོབས་བཅས“ངར་ཤུགས་ཆེན་པོ་གསུམ”དང་དམག་གྲབས་ཀྱི་བསམ་བློ་ལེགས་པོ་དང་། འཐབ་རྩོད་ཀྱི་སྤྱོད་ཚུལ་བཟང་བ། དམག་དོན་གྱི་ལག་རྩལ་བྱང་ཆུབ་པ། དམག་སྲིད་ཀྱི་སྒྲིག་ཁྲིམས་ནན་པ་བཅས་གྲུབ་ཡོད།

1947ལོར་ཡན་ཨན་སྲུང་སྐྱོང་དམག་འཁྲུག་ནང་། དབྱི་ཡུས་ཧྥང་གིས་དཔུང་སྡེའི་སྣེ་ཁྲིད་དེ་དགྲ་བོས་ཚུར་རྒོལ་ཐེངས་དྲུག་བྱས་པ་ཚང་མ་ཕ་མཐར་བསྐྲད་ཡོད།

1948ལོར་ལེན་ཤོག་དྲུག་པ་ཝ་ཙེ་ཅེའི་དམག་འཐབ་ནང་ཞུགས་ཡོད།

1975ལོར་ལེན་ཤོག་གིས་དཔུང་སྡེ་ཆེན་པོ་དང་མཉམ་དུ་གནས་སྤོས་ནས་དམག་ས་བརྗེས་ཏེ། ཐོན་ཡོངས་ཀྱི་ཁྲོད་ནས་དམག་གྲབས་སྒྲིག་ཆས་ལེགས་སྒྲིག་དང་། དམག་གྲབས་མཛོད་ཚད་ལྡན། དམག་གྲབས་ཕྱིར་སྐྱོད་ནང་སྦྱོང་བཅས་ཀྱི་ལས་འགན་ཨང་དང་པོར་ལེགས་སྒྲུབ་བྱས་པ་རེད།

1964ལོར་རྒྱལ་སྲུང་པུས་བཀའ་རྒྱ་བཏང་ནས། བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གི་ལེན་ཤོག་དྲུག་པར“མཁྲེགས་སར་གཏུག་ཕོད་པའི་ལེན་ཤོག་དྲུག་པའི”གཟི་བརྗིད་མཚན་སྙན་སྤྲད་ཡོད། 1985ལོར་ཀྲུང་དབྱང་དམག་ཨུད་ཀྱིས་ལེན་ཤོག་དེར“དཔའ་བོའི་ལེན་ཤོག་དྲུག་པའི”གཟི་བརྗིད་མཚན་སྙན་སྤྲད་ཡོད།

ལེན་ཤོག་དྲུག་པར་སྐམ་དམག་གིས“དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པ”དང“དམག་སྟོབས་དམིགས་ཚད་ལག་བསྟར་བྱེད་མཁན་དཔེ་དམག་ཚན་པར”བདམས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་བྱ་དགའི་མཉམ་སྡེབ”ཀྱི་གཟེངས་བསྟོད་བྱས་ཡོད།