《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་ དུ་ནགས་བཟོ་མུའུ་ཁྲི་26.9བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོ་ནས་བཟུང་བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་ཀྱིས་མི་ཐབས་ནགས་བཟོ་དང་། རི་རྒྱ་བསྡམས་ནས་ནགས་བཟོ། ཞིང་ཁའི་ནགས་དྲ། བགྲོད་ལམ་སྔོ་འགྱུར། གྲོང་སྐོར་ནགས་ཚལ། གྲོང་གསེབ་སྔོ་འགྱུར། ཤིང་སོན་རྟེན་གཞི་འཛུགས་སྐྲུན་སོགས་ལག་བསྟར་བྱས་པ་མ་ཟད། དེ་བསྟུན་གྱི་ལེ་ལག་ཚང་བའི་ཆུ་བེད་སྒྲིག་བཀོད་ཀྱང་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི་100042བཏང་ནས་མི་ཐབས་ནགས་བཟོ་མུའུ་ཁྲི་26.9བྱས་པ་རེད།

“གཙང་པོ་གཉིས་དང་ཆུ་བོ་བཞི”ནི་ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་གཉིས་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ་བཅས་བཞི་ཡིན། གཙང་པོ་དང་ཆུ་བོ་དེ་དག་ནི་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཡིན། འདུ་འགོད་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)48དང་། ཤང(གྲོང་རྡལ)389 སྲིད་འཛིན་གྲོང་ཚོ་3162ལ་ཁྱབ་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་བརྒྱུད། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ནགས་བཟོའི་འདུ་འགོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། འདུ་འགོད་ཀྱི་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་གཏན་འབེབས་གཞིར་བཟུང་། ཞིང་འབྲོག་པའི་ནགས་བཟོའི་ཆེད་ལས་མཉམ་ལས་རྩ་འཛུགས་ལ་རྩིས་སྤྲད་དེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་སྐྱེད་ལས་ཞུགས་ཐུབ་པར་བྱས་ཡོད། 2017ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་དབུལ་སྐྱོར་སྡོང་ཕྲུག་ར་བར་སྡོང་ཕྲུག་ཐོན་སྐྱེད་དང་། ཞིང་འབྲོག་པའི་ལག་ཡོད་འཕྲུལ་ཆས་བོགས་མར་གཏོང་བ། ཤིང་འཛུགས་ནགས་བཟོའི་འདུ་འགོད་ནང་ཞུགས་པ་སོགས་ཀྱི་ལས་དོན་ནང་ཞུགས་ཏེ། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་2.5ཙམ་རག་རྒྱུར་སྐུལ་ཁྲིད་བྱས་ནས་ཞིང་འབྲོག་པའི་འབབ་འཕར་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ཕན་འབྲས་ཐོན་པ་བྱས་ཡོད། (རིག་རྡོར་གྱིས་བསྒྱུར། པད་ཆོས་དང་རིག་རྡོར་གྱིས་ཞུས)