《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་ལྷོ་རིའི་སྤྱི་གླིང་།

ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིའི་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭ་ལག་ལེན་བསྟར་ཚུན། ཤིང་སོན་སྣ་ཚོགས་འདེབས་འཛུགས་ཚོད་ལྟ་བྱེད་འགོ་ཚུགས། ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་ཏུ་གྱུར་ནས་ས་ཆུ་ཤོར་ཚད་ཉུང་དུ་ནུས་ལྡན་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ཡོད་ལ། ད་ཆ“དྲ་ཐོག་མིང་ཅན”གྱི་ལྷོ་རིའི་སྤྱི་གླིང་དེ་ལྷ་སའི་གྲོང་མིའི་སྤྲོ་གསེང་གཏོང་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་གྲོང་མིས་ལྷོ་རིའི་སྤྱི་གླིང་དུ་སྤྲོ་གསེང་བྱེད་བཞིན་པ།