《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

རང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་ཚན་རྩལ་གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་དང་བགྲོ་གླེང་ཚོགས་འདུ་འཚོགས་པ།

ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་ཚན་རྩལ་གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་དང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཆེན་པོ་ཡོང་བར་རམ་འདེགས་དང་ལྗོངས་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་བྱ་གཞག་འཕེལ་རྒྱས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་རེད།

ཚོགས་ཞུགས་མི་སྣས“ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད”སྐོར་ལ་བགྲོ་གླེང་བྱས་པ་དང་། 2021ལོའི་ཟླ་10པར་ནུས་པ་ཐོན་གྲབས་ཡོད་པའི《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》གསར་པ་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རོགས་ལས་འགག་སྒྲོལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་འབབ་མཐོ་བའི་འདེབས་འཛུགས་ལག་རྩལ་རིགས་དབྱེ་དང་སྟབས་བདེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་དེ་བས་གཏིང་ཟབ་ཏུ་འགྲོ་བར་ཚོད་འཛིན་བཟོ་བའི་འཕེལ་རྒྱས་ཀྱི་འཇུར་མིག་དང་དངོས་ཡོད་དཀའ་ངལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སྤྱོད་གོ་ཆོད་པའི་གྲོས་འགོ་དང་འཕེལ་རྒྱས་ཀྱི་བླང་བྱ་ཞིབ་ཕྲ་བཏོན་ཡོད། (པ་སངས་ཕན་ཐོགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)