《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

རང་སྐྱོང་ལྗོངས་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཉིས་ཀྱི་མཐའ་མའི་ཚོད་སྐོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་ལྷ་སར་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཉིས་ཀྱི་མཐའ་མའི་ཚོད་སྐོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་རྒྱ་མཚོ་ལྷ་མོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་གཏན་འབེབས་གཉིས་ཀྱི་མཐའ་མའི་ཚོད་སྐོར་ལས་དོན་སྤེལ་བ་དེས། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བུད་མེད་དང་བྱིས་པའི་ལས་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བར་ཕན་པ་དང་། རིམ་ཁག་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པར་ཕན་པ། ཚང་བཤེར་ཆད་གསབ་དང་ཞན་ཆ་མྱུར་སེལ་གྱི་ནུས་པ་འདོན་སྤེལ་བྱེད་པར་ཕན་པ་ཡོད་པ་བསྟན་པ་རེད།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་མཐོ་ཚད་ནས་བུད་མེད་དང་བྱིས་པའི་བྱ་གཞག་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། འགན་འཁྲི་འཁུར་ཕོད་པ་བྱས་ནས་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་སེལ་དགོས་པ། གོམ་སྟབས་གཅིག་མཚུངས་ངང་སྐུལ་འདེད་བཏང་ནས་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་འཛུགས་སྐྱོང་དེ་ཆེད་དོན་འཆར་འགོད་ནང་འཇུག་དགོས་པ། ཚད་མཐོའི་མཐོང་ཆེན་བྱས་ནས་གཏན་འབེབས་གསར་པ་གཉིས་ནན་ཏན་ངང་བཟོས་ཏེ། རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།