《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཉེན་རྟོག་པའི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

—— ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་སྤྱི་བདེ་ཐིང་གཞུང་དོན་ཁང་གི་ཏང་ཀྲི་པུའི་སྐོར་བཀོད་པ།

འདི་ལོ་ཚུན། སྤྱི་བདེ་ཐིང་གཞུང་དོན་ཁང་གི་ཏང་ཀྲི་པུའུ་ཡིས་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཁར། དོན་དངོས་ལ་དམིགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བཅས་བྱས་ནས། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

སྤྱི་བདེ་ཐིང་གཞུང་དོན་ཁང་གི་ཏང་ཀྲི་པུའུ་ལ་སྤྱི་བདེ་ཐིང་ལས་ཁུངས་ཀྱི“སྔོན་ཐོན་གཞི་རིམ་ཏང་ཀྲི་པུའུ”ཡི་མཚན་སྙན་ལོ་7བསྟུད་མར་ཐོབ་པ་དང་། 2020ལོར་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་ཐོབ་པ། 2021ལོར་ལྗོངས་ཡོངས་ཀྱི“སྔོན་ཐོན་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག”དང“ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སོགས་ཐོབ་ཡོད།

ཆབ་སྲིད་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲི་པུའི་འཐབ་ནུས་ཆེ་རུ་བཏང་བ།

ལོ་འགོར་གཞུང་དོན་ཁང་གི་ཏང་ཀྲི་པུའུ་ཡིས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་རང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐུལ་ལྕག་བཏང་བ་དང་། གཞུང་དོན་ཁང་གི་ལོ་འཁོར་གྱི་སློབ་སྦྱོང་འཆར་གཞི་དུས་ཐོག་ཏུ་བཟོས་པ། དུས་མཚམས་རང་བཞིན་གྱི་སློབ་སྦྱོང་གི་ལས་འགན་ཁ་གསལ་བཟོས་པ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་དུས་ཐོག་ཏུ་ཕྱོགས་སྒྲིག་བྱས་པ། “སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་APPདང“ཁྲིམས་སྐྱོང་བོད་ལྗོངས”སོགས་ཀྱི་སྨྱན་སྦྱོར་གསར་པའི་སློབ་སྦྱོང་ལས་སྟེགས་གང་ལེགས་སྤྱད་ཅིང་། ལོ་སྟོད་དུ་གཞུང་དོན་ཁང་གི་ཏང་ཀྲི་པུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་ཐེངས་18དང་ཆེད་དོན་ཚོགས་འདུ་ཐེངས་7འཚོགས་པ་དང་། ཆེད་དོན་སློབ་གསོ་སློབ་སྦྱོང་བྱེད་སྒོའི་འབྲེལ་ཡོད་ཇུས་གཞི་ཁག་6བཟོས་པ། སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་ཀྱི་དེབ་1ཕྱོགས་སྒྲིག་བྱས་ཡོད།

ཏང་ཀྲི་པུས་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་ནས་མ་ཡིག་སྦྱོང་བ་དང་། མྱོང་ཚོར་གླེང་བ། སྤེལ་རེས་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་ཚོགས་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་སྤྱད་དེ། ཉེན་རྟོག་པ་ཡོངས་ཀྱི་བསམ་བློར་དྲག་ཆས་སྤྲས་པ་དང་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། “ལོ་གསར་དགའ་བས་བསུ། ཞབས་འདེགས་ལེགས་པར་ཞུ”དང“གསར་བརྗེའི་གློག་བརྙན་ལྟ། ཏང་གི་ལོ་རྒྱུས་སྦྱོང”སོགས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྔ་རྗེས་སུ་སྤེལ་ཡོད། ཏང་ཡོན་གྱི“འགན་ལེན་གསུམ”གྱི་རོགས་སྐྱོར་བྱེད་སྒོ་མུ་མཐུད་སྤེལ་ཞིང་། ལོ་སྟོད་དུ་ཚན་ཁག་གི་ཁོངས་མི་དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པས་སྣེ་ཁྲིད་དེ་སྒོར་ཁྲི་1.01ཞལ་འདེབས་བརྒྱབ་སྟེ་ཉལ་ཆས་དང་། འབྲས། གྲོ་ཞིབ། སྣུམ་སོགས་འཚམས་འདྲིའི་དངོས་པོ་ཉོས་ནས་ཆ་སྒྲིག་རོགས་སྐྱོར་དུད་ཚང་14ཡི་མི་59ལ་སྐོར་སྐྱོད་འཚམས་འདྲི་བྱས་ཡོད།

དཔུང་ཁག་ལ་དམ་འཛིན་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་ཏང་ཀྲི་པུའུ་ཡི་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་བ།

མི་དམངས་ཉེན་རྟོག་པ་དང་ལས་བཟོའི་ལས་ཀའི་ཧུར་སེམས་འཕེལ་བར་བྱ་ཆེད། 2017ལོ་ཚུན་དུ་གཞུང་དོན་ཁང་གིས་དུས་ཚིགས་མི་རེ་ངོ་རེར“དུས་ཚིགས་ཀྱི་ཕུལ་བྱུང་ཚན་ཁག”དང“དུས་ཚིགས་ཀྱི་ཕུལ་བྱུང་ལས་དོན་པ”དཔྱད་འདེམས་ཀྱི་བྱེད་སྒོ་ཐེངས་རེ་སྤེལ་ཞིང་། དཔྱད་འདེམས་བྱེད་སྒོ་དེ་ཚན་ཁག་ཁག་དང“དུས་ཚིགས་ཀྱི་ཕུལ་བྱུང་ལས་དོན་པའི”གདམ་བྱའི་འོས་མིས་གཏམ་བཤད་ལ་བརྟེན་ནས་ཚན་ཁག་འདི་ག་དང་མི་སྒེར་གྱི་ལས་ཀའི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱེད་པ་དང་། མཐར་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་མིང་མ་འགོད་པར་འདེམས་ཤོག་འཕེན་པ་དང་སྐར་མ་རྒྱག་པའི་རྣམ་པའི་ཐོག་ནས“དུས་ཚིགས་ཀྱི་ཕུལ་བྱུང་ཚན་ཁག”དང“དུས་ཚིགས་ཀྱི་ཕུལ་བྱུང་ལས་དོན་པ”དཔྱད་འདེམས་བྱེད་པ་མ་ཟད་མིང་བྱང་ཁྱབ་བསྒྲགས་ཀྱང་བྱེད་ཀྱི་ཡོད།

ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས། གཞུང་དོན་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་སྐོར་སྐྱོད་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ་དང“གཅིག་རེ་བཞིའི”བྱེད་སྒོ་སྤེལ་ཞིང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཚང་མར“འཕྲིན་ཡིག་གཅིག”བསྐུར་ཏེ། ལོ་གཅིག་རིང་གི་གཞུང་དོན་ཁང་གི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། “དེབ་གཅིག”སྟེ། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་སློབ་གསོའི་ཀློག་དེབ་གཅིག་སྤྲད་པ། “གཱ་གཅིག”སྟེ། ལས་བྱེད་པ་རྒན་གྲས་ལ་ཞབས་འདེགས་ཞུ་བའི་འབྲེལ་གཏུག་གཱ་གཅིག་སྤྲད་པ། “ལག་རྟགས་གཅིག”སྟེ། ལོ་གསར་གྱི་འཚམས་འདྲིའི་ལག་རྟགས་གཅིག་སྤྲད་ཡོད།

ལམ་སྲོལ་ལ་དམ་འཛིན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲི་པུར་སྤྱི་མོས་ཐོབ་ཚད་ཆེ་རུ་བཏང་བ།

ཏང་ཀྲི་པུའུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་བྱེད་པ་དང་ཉེན་རྟོག་པ་བཅོས་སྐྱོང་གི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་འདུའི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞིའི་ནང་བཅུག་ཡོད། ཏང་ཀྲི་པུའུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཚན་ཁག་གི་ཁོངས་མི་དང་། ཀྲི་པུའུ་ཁག ཚན་ཁག་ཁག་གི་འགན་འཁུར་བ་བཅས་ལ“འགན་འཁྲི་གཉིས”ཡག་པོ་འཁུར་བ་དང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་དང་ལས་བཟོའི་རྒྱུན་གཏན་གྱི་སློབ་གསོ་དོ་དམ་དང་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ལས་དུས་འཕར་མ་བྱེད་པའི་ཕོགས་སྣོན་དང་གསབ་སྣོན་སྒྲིག་འགལ་ངང་སྤྲོད་པ་དང་ཚན་པའི་ལས་ཤག་སྒྲིག་འགལ་ངང་བཟུང་སྤྱོད་བྱེད་པ་སོགས་གནད་དོན་འགོག་ཟོན་ཡོ་བསྲང་བཅོས་སྒྲིག་གི་ལས་དོན་མུ་མཐུད་སྤེལ་ཏེ། མི་སྣ་ཡོངས་ལ་གྲོགས་པོའི་འཁོར་རྒྱ་དང་། སྤྱི་ཚོགས་འབྲེལ་བའི་འཁོར་རྒྱ། འཚོ་བའི་འཁོར་རྒྱ་བཅས་གཙང་མ་བཟོས་ཏེ་སྤྱོད་གཙང་རང་འདོམས་ཀྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)