《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月20日

དབྱར་གཞུང་གི་རྩྭ་ཐང་ནི་རི་མོ་བཞིན་མཛེས།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་གི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོཌ་མྱུར་བསྐྲུན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཅས་བྱས་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་དང་མཛེས་སྡུག་ལྡན་པའི་ས་མཐོ་སྔར་བས་མཛེས་པར་གྱུར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ཐོབ་སྣང་སྔར་བས་ཆེ་རུ་སོང་ཡོད།

དབྱར་གཞུང་དུ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ཀྱི་རང་བྱུང་རྩྭ་ར་སྔོ་ཐིང་ངེར་གྱུར་ནས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། འདི་ནི་འདམ་གཞུང་རྫོང་རྒྱས་དར་ཤང་ཁོངས་ཀྱི་རྩྭ་ར་ཡིན་པ།