《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月20日

རང་སྐྱོང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་གླེང་སྟེགས་དང་། མཐོ་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་དང་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་གླེང་སྟེགས་དང་། མཐོ་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གླེང་སྟེགས་དང་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཉིན་ཤས་གོང་ཆབ་མདོར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་ལ་སྔར་ནས་བཟུང་མཐོང་ཆེན་བྱེད་པ་དང་། བོད་ཀྱི་ཚན་རྩལ་བྱ་གཞག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གྱི་འགན་ཁུར་ཡོད་ལ། དེང་རབས་ཤེས་དཔལ་དང་དེང་རབས་ཀྱི་འདུ་ཤེས་ཚན་རིག་དང་མཐུན་པར་ཁྱབ་གདལ་གཏོང་བ་དང་། མང་ཚོགས་དེང་རབས་ཀྱི་ཐོན་སྐྱེད་དང་འཚོ་བར་ཕྱོགས་པར་སྣེ་ཁྲིད་སོཌ་སྤྱི་ཚོགས་ཀྱི་གདིང་རིམ་ཕྱོགས་སྒྱུར་དང་འཕོ་འགྱུར་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་བས་ཁུར་བར་ངོས་འཛིན་གཏིང་ཟབ་བྱུང་ཡོད་ཅེས་བསྟན་པ་རེད།

ཚོཌ་འདུའི་ཐོག ཚན་རྩལ་ལས་དོན་འཕེལ་རྒྱས་ཀྱི་ཁ་ཕྱོཌ་སྔར་བས་གསལ་འབྱེད་བྱས་ནས་གསར་གཏོད་འཕེལ་རྒྱས་འཐབ་ཇུས་སུ་བྱེད་པ་དང་། ཁྲོམ་རའི་བྱེད་པོ་ཕྱོགས་སྟོན་ལ་འཛིན་པ། ལས་སྟེགས་སྐྲུན་རྒྱུ་དམ་འཛིན་བྱེད་གཞིར་འཛིན་པ། ཤེས་ལྡན་པ་གསོ་སྐྱོང་ལྟེ་བར་འཛིན་པ་བཅས་བྱེད་དགོས། ཚན་རྩལ་ལས་དོན་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སྔར་བས་དམིགས་ནས་ཚན་རྩལ་ལས་དོན་ལ་ཚུགས་གནས་མཐོ་བའི་ངང་སྟངས་འཛིན་བྱེད་པ་དང་། ཚན་རྩལ་ལས་སྟེཌ་ཚད་གཞི་མཐོ་བའི་ངང་ལེཌ་སུ་གཏོང་བ། གསར་གཏོད་ལས་གཏོད་ཀྱི་གཙོ་རྒྱུ་གཅིག་འདུས་ལ་སྐུལ་འདེད་གཏོང་བ། རིམ་ཁག་སྲིད་གཞུང་གི་འགན་ནུས་གནད་སྨིན་འདོན་པ་བཅས་བྱེད་དགོས། “གཉིས་གཏོད”ཀྱི་རིམ་སྤོར་རྣམ་པ་སྔར་བས་གཏོད་པ་དང་། མཐོ་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པའི་འདེཌ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད། (པ་ཚེས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)