《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ལས་ཞུགས་ཉམས་ལེན་བྱས་པ་བརྒྱུད་གདེང་ཚོད་ཆེ་རུ་སོང་བ།

ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུ་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཐབས་ལམ་ཡངས་སུ་གཏོང་བ་དང་། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། འདི་ལོའི་ཟླ་6པར་ཧུའུ་པེ་ཞིང་ཆེན་ཧོང་ཧྲེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧོང་ཧྲེ་གྲོང་ཁྱེར་དུ“ཚོགས་སྒྲིག་རྣམ་པའི་ལས་ཞུགས་ཉམས་ལེན་ལྟ་སྐོར”ལ་ཁྲིད་དེ་ཁེ་ལས་ཆེ་གྲས་ཁག་གི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ཁེ་ལས་ཀྱི་རིག་གནས་ཉམས་སུ་མྱོང་བ། ལས་ཞུགས་བཞུགས་མོལ་དང་ས་གནས་ས་ཐོག་ཏུ་ངོ་རྒྱུགས་ལེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གདེང་ཚོད་ཆེ་རུ་སོང་ཡོད།

འདི་ནི་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་ཧོང་ཧྲེ་གྲོང་ཁྱེར་དུ་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།