《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྐབས་བརྗེའི་རྣམ་པ་ཟབ་མོ་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་སྐབས་བརྗེའི་སྐོར་གྱི་གོང་རིམ་གི་འབྲེལ་ཡོད་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། 2021ལོའི་རྫོང་དང་ཤང་གི་སྐབས་བརྗེའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱ་ཆེད། ཉེ་དུས་ཁྲེང་ཀོན་ཆུས་ཀྱིས་སྐབས་བརྗེའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐབས་བརྗེའི་ལས་དོན་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་མང་དུ་བཏང་ནས། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སྐབས་བརྗེའི་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

མིག་སྔའི་བར། ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་གི་ཏང་གི་ལས་དོན་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོའི(གྲོང་ལྷན)ལས་དོན་མི་སྣ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ལམ་མདོ་གཙོ་བོ་དང་མི་སྣ་འདུ་འཛོམས་ཆེ་ཁུལ་དུ་སྐབས་བརྗེའི་འདེམས་བསྐོའི་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་ཁག་288བཀལ་བ་རེད།