《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ལོ་རྒྱུས་གནའ་ཤུལ་ལ་ལྟ་སྐོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་ཏང་ཡོན་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་མི་རིགས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ཕུཌ་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུས་ཏང་ཡོན་དང་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་བཤམས་སྟོན་ཁང་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའི་མི་80ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད། ལྟ་སྐོར་བྱེད་རིང་། ཏང་ཡོན་ལས་བྱེད་པ་ཚོས་འཆད་འགྲེལ་མཁན་གྱི་ངོ་སྤྲོད་ནན་ཏན་ངང་ཉན་པ་དང་། འགྲེམས་དངོས་རྩ་ཆེན་ལ་ཞིབ་ལྟ་བྱས་པ་མ་ཟད། ངང་རྒྱུད་རིང་པོས་སྤེལ་རེས་བྱས་པ་དང་། མཉམ་དུ་དྲན་རྟེན་པར་ཡང་བརྒྱབ་པ་རེད། ལྟ་སྐོར་བྱས་པ་བརྒྱུད་ཚང་མར་ལོ་རྒྱུས་དུམ་བུ་དེ་སླར་ཡང་བསྐྱར་དྲན་བྱུང་བ་དང་། བློ་སྒོ་ཆེན་པོ་ཕྱེ་བ་མ་ཟད། ད་དུང་སློབ་གསོ་ཟབ་མོའང་ཐེབས་བྱུང་ཞེས་བཤད། བར་སྐོར་དུ་ཡོད་པའི་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་བཤམས་སྟོན་ཁང་གི“བོད་སྡོད་ཨམ་བན་སྐོར་གྱི་ཆེད་དོན་བཤམས་སྟོན”དང“བོད་གསར་པའི་འཕེལ་རྒྱས་གནས་ཚུལ་དང་འཛུགས་སྐྲུན་གྲུབ་འབྲས”སོགས་འགྲེམས་ཁུལ་དུ་བཤམས་པའི་རྩ་ཆེའི་རིག་དངོས་སྣ་ཚོགས་LEDབརྙན་ཤེལ་སོགས་ཀྱི་རྣམ་པའི་ཐོག་ནས་བསྟན་ཏེ། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་ས་ཆ་ཡིན་པ་དང་། སྐབས་རིམ་བྱུང་ཀྲུང་དབྱང་སྲིད་གཞུང་གིས་གཅིག་རྒྱུན་གཅིག་འཛིན་ངང་བོད་ལ་བདག་དབང་འཛིན་པ་དང་། སྲིད་སྐྱོང་བ། བདག་སྐྱོང་བྱས་པ་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས། དེ་བཞིན་བོད་གསར་པའི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་སོགས་མངོན་པར་བྱས་ཡོད།