《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

བོད་ལྗོངས་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བྱས་པ།

འདི་ནི་འགྲན་བསྡུར་སྐབས་ལས་དོན་མི་སྣས་འགྲན་ཞུགས་པར་སྐར་མ་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་བཏོད་པ་དང་། རྩ་གནད་ཤེས་བྱ་སྦྱངས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་གནས་ལུགས་རྟོགས་པར་བྱེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས“ཏང་གི་ལོ་རྒྱུས་ཤེས་བྱ། མཐར་ཕྱིན་སྦྱངས”ཞེས་པའི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བྱས་པ་རེད།

ད་ཐེངས་ཀྱི་ཤེས་བྱའི་འགྲན་བསྡུར་བྱེད་སྒོར་ཚོགས་པའི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་ས་གནས་ས་ཐོག་ཏུ་ལན་འདེབས་པ་དང་། ས་གནས་ས་ཐོག་ཏུ་སྐར་མ་རྒྱག་པ། ས་གནས་ས་ཐོག་ཏུ་བྱ་དགའ་སྤྲོད་པ་དང་མི་སྒེར་གྱི་སྐར་མ་བཅས་ཀྱི་ཐོག་ནས་གཉེར་ཞིང་། མཁས་བརྒྱ་འགྲན་རྩོད་དང་། མཐར་ཕྱིན་རྩོད་པ། ལེགས་ཉེས་དབྱེ་འབྱེད། མཐའ་མའི་རྒྱལ་ཕམ་བཅས་ལྷུ་ཚིགས་བཞིར་ཕྱེ་ནས་དཔོན་དམག་ཚོས་ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་བ་རེད།

ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཡིན་པ་དང་། རྩ་གནད་ནི་ཚད་ཤིང་ཡག་ཤོས་ཤིག་ཡིན། གོམ་སྟབས་རྗེས་མར་ལུའེ་ཤོག་དེས་ལས་ཀ་དང་ལས་འགན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྩ་གནད་དང་ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དཔོན་དམག་ཚོས་སྲོལ་རྒྱུན་རྒྱུན་འཛིན་དང་ཞུམ་མེད་འབད་འཐབ་ཀྱི་སྤྲོ་སེམས་འཕེལ་བ་དང་དཔོན་དམག་ཚོས་ལག་ལེན་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གསལ་འགྲེལ་དང་ཐེག་པ་ཁུར་ལེན་ལ་བརྟེན་ནས་འགན་འཁྲི་བསྒྲུབ་རྒྱུར་ལྕག་སྐུལ་བྱས་ཏེ་དཔུང་སྡེའི་དངོས་གཞི་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་དང་དཔུང་སྡེའི་འཐབ་ནུས་ཆེ་རུ་གཏོང་རྒྱུར་སེམས་ནུས་ཟམ་མི་ཆད་པར་འདོན་རྒྱུ་རེད།