《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

རུལ་རྒོལ་གཙང་སྤེལ་གཏིང་ཟབ་བྱས། ཆབ་སྲིད་རང་གཤིས་ནམ་ཡང་བསྲུངས།

——བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བཏོད་པའི་སྐོར་བཀོད་པ།

བཀོད་སྒྲིག་ཞིབ་ཚགས་ནས་ལྟ་སྐུལ་ཞིབ་བཤེར་བར་དང་། “མྱུར་བཤེར་ནན་སྒྲུབ”ཀྱི་ཐག་གཅོད་ནས་མིང་འདོན་བརྡ་ཁྱབ་དམར་རྗེན་དུ་འདོན་པའི་བར། ཚོགས་འདུའི་གྱོན་གོས་ལ་དམ་འཛིན་བྱེད་པ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པའི་བར། བཟའ་བཏུང་འཕྲོ་བརླག་མི་གཏོང་བར་དམ་འཛིན་བྱེད་པ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་རང་བཤེར་དག་ཐེར་ལ་སྐུལ་འདེད་གཏོང་བའི་བར། འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྣེ་ཁྲིད་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། རོགས་སྐྱོར་གྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུང་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་རྒྱུན་མཐུད་སྲ་བརྟན་དུ་བཏང་བ།

2020ལོའི་ལོ་འགོར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་དོན་ཆེན་དབང་འདུས་ཀྱིས་དགོས་པའི་ལས་ཀ་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོས་ཤིང་། ཁོ་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འཛིན་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་2.63དུས་ཐོག་ཏུ་རྩིས་ཞུ་མ་བྱས་པར་ཟླ་11ཉར་འགྱངས་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་སྟབས། ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས་དབུལ་སྐྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཡོད།

2020ལོར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་འགན་ནུས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སྐུལ་སློང་བྱས་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་ལས་དོན་གྱི་ལས་རྗེས་དང་དབུལ་སྒྲོལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་དང་། དེ་བཞིན“མཚམས་མི་འཇོག་པ་བཞི”དོན་འཁྱོལ་གྱི་གནས་ཚུལ་ལ་དམིགས་ནས“ལེབ་བཤེར་རྣམ་པའི”ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཚུར་ལན་སྤྲད་པ་མ་ཟད། དག་ཐེར་གྱི་གནས་ཚུལ་དུས་ཐོག་ཏུ་བཀོད་གཏོང་བྱས་པ་དང་ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེ་61སྔོན་ལ་ཐག་གཅོད་དང་གཙོ་གནད་ཐོག་སྒྲུབ་སྐུལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མུ་་མཐུད་སྲ་བརྟན་དུ་བཏང་ཡོད། ལྗོངས་ཡོངས་སུ་ཁྱོན་དབུལ་སྒྲོལ་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་244དང་མི་682ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་190ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་ཡོད།

རང་འགན་གཙང་སྒྲུབ་ལ་ཤུཌ་སྣོན་བརྒྱབ་ནས་ལྟ་སྐུལ་ཞིབ་བཤེར་སྔོན་ལ་བཞག་པ།

ལྟ་སྐུལ་ཞིབ་བཤེར་ནི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་རྨང་གཞི་དང་། གཞི་ཚུགས་ས། འགོ་འཛུགས་ས་བཅས་ཡིན་ལ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་དམ་འཛིན་བྱ་གཞི་ཐོག་མ་དེའང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་དུས་རབས་གསར་པའི་ཆབ་སྲིད་ལྟ་སྐུལ་གྱི་རྩ་བའི་ལས་འགན་ལ་བརྩིས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། སྐོར་གཟིགས་དང་སྐོར་ཞིབ་དང་དེ་བཞིན་མངགས་སྡོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་སོགས་ཀྱི་གཙོ་གནད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུཌ་སྣོན་བརྒྱབ་པ། གྲོང་གསེབ་ཏུ་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་རྒྱག་པ་དང་བཟའ་བཏུང་འཕྲོ་བརླག་གཏོང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།

ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགག་རྩའི་ཁྱབ་ཁོངས་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ནས། དབུལ་སྒྲོལ་འགག་སྒྲོལ་དང་། སྐོར་ཞིབ་དག་ཐེར། སྒྲིག་འགལ་ངང་ལས་ཤག་བཟུང་བ། གཞུང་དངུལ་སྒེར་སྤྱོད་བྱས་ནས་ཡུན་རིང་ཕྱིར་མི་སློག་པ་སོགས་ཀྱི་ཆེད་དོན་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གྲོང་ཁྱེར་དང་ས་ཁུལ་7དང་རྫོང་དང་ཆུས་74དང་དེ་བཞིན་རིམ་ཁག་དབུལ་སྐྱོར་འགན་ནུས་སྡེ་ཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དང་སྐོར་ཞིབ་ཀྱི་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་གནས་ཚུལ་ཕྱོགས་ཡོངས་ལ་ཁྱབ་པའི་ལྟ་སྐུལ་ཞིབ་བཤེར་དང་སྦྲགས་ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་དང“ཕྱིར་མིག་ལྟ་བ”དང་རིགས་ཁག་གི་ལྟ་སྐུལ་དཔྱད་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་གཙང་བཤེར་དང་གསེད་བཀྲོལ་བྱས་ཡོད།

སྒྲིག་སྲོལ་འཛུགས་སྐྱོང་གཏིང་ཟབ་བྱས་ནས་ལྟ་སྐུལ་བཅོས་སྐྱོང་གི་ནུས་ཕྱོད་འདོན་སྤེལ་གང་ལེགས་བྱས་པ།

2020ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་བྱ་རྒྱུ་དེ་ས་ཁོངས་བཅོས་སྐྱོང་དང་། སྡེ་ཚན་བཅོས་སྐྱོང་། ལས་རིཌ་བཅོས་སྐྱོང་། གཞི་རིམ་བཅོས་སྐྱོང་། ཚན་པ་བཅོས་སྐྱོང་བཅས་ལ་སྔར་བས་ཁྱབ་པར་བྱས་ཏེ། ཕྱོཌ་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་བ་དང་། གཞུང་གི་ལས་ཁུངས་ཀྱི་སྤྱི་པའི་དབང་ཆ་འཁོར་སྐྱོད་ཀྱི་གཅུན་འདོམས་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ། རིགས་ཁག་གི་ལྟ་སྐུལ་མཉམ་འདྲེས་ལ་སྐུལ་འདེད་བཏང་བ། ལྟ་སྐུལ་བཅོས་སྐྱོང་གི་ནུས་ཕྱོད་འདོན་སྤེལ་གང་ལེགས་བྱས་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཟུང་འབྲེལ་མཉམ་འདྲེས་དང་སྦྲེལ་མཐུད་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་པ། རྩ་ལག་མཉམ་བཅོས་ཁྲོད་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་བཏང་ཡོད།

2020ལོ་ཚུན་དུ་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་དམིགས་བསལ་གང་ཡང་མེད་པའི་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་ཆད་པ་བཅད་ཡོད། ལས་གྲྭ་འཛུགས་སྐྲུན་དང་སྲིད་གཞུང་གི་ཉོ་སྒྲུབ་དང་དེ་བཞིན་སྨན་བཅོས་འཕྲོད་བསྟེན་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། སྐོར་གཟིགས་ཀྱིས་རྩིས་སྤྲད་པའི་གནད་དོན་ཀྱི་ཁུངས་སྣེ་ཞིབ་དཔྱད་ཀྱི་གཙོ་གནད་ལ་བརྩིས་ཏེ་ལེགས་ཆ་བསྡུ་སྒྲིལ་གྱིས་གཅིག་སྡུད་འགག་སྒྲོལ་ཚད་བརྒལ་ཡོང་བར་བྱས་པ་དང་། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང“སྟག”ལ་རྡུང་རྡེག་ནན་པོ་གཏོང་རིང“ཐར་པ་གཏན་ནས་མི་གཏོང་བར”རུལ་སུངས་ལ་ཆད་པ་གཅོད་པའི་བརྡ་རྟགས་དྲག་པོ་བཏང་ཡོད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར། བསོད་ནམས་བདེ་སྐྱིད་ཀྱིས་ཞུས)