《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་14ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཞུགས་ནས་སྙན་སེང་གསན་པ་དང་ལས་དོན་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག ཀློག་དེབ་རབ་དང་རིམ་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་གཞི་རྟེན་ནུས་ལྡན་དང་ཐོག་མའི་དཔྱད་གཞི་གཙོ་བོ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཀློག་དེབ་རབ་དང་རིམ་པ་རྩོམ་སྒྲིག་བྱ་རྒྱུ་ནི་ཉེ་དུས་སྒྲུབ་དགོས་པའི་གཙོ་གནད་ལས་དོན་ཞིག་རེད། དུས་སྐབས་གོང་མར་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་མྱུར་སྤེལ། སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་པས་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་སྒྲིག་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཏོན་པ་རེད།

ཚོགས་འདུའི་ཐོག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་རྩོམ་སྒྲིག་ལས་དོན་གྱི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་མུ་མཐུད་དར་སྤེལ་བཏང་ནས་དཀའ་སྤྱད་འབད་བརྩོན་དང་སྙིང་རུས་ཆེན་པོས་རྩོམ་སྒྲིག་བྱེད་དགོས། ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཕྱོད་ཆེ་རུ་བཏང་ནས་དུས་བཀག་ལྟར་ཞིབ་བཤེར་འཆར་ཟིན་ལེགས་སྒྲུབ་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས། རིག་པས་ཁུངས་སྐྱེལ་གང་ལེགས་བྱས་ཏེ་སྤུས་ཚད་འགན་ལེན་བྱས་ནས་ནང་དོན་ཆ་ཚང་བ་དང་། ལོ་རྒྱུས་དངོས་བདེན་ཡིན་པ། དཔེ་གཞི་ཚན་རིག་དང་མཐུན་པ། ཀུན་གྱིས་གསལ་འབྱེད་ཐུབ་པ་བཅས་ཡོང་བར་བྱེད་དགོས། བསམ་འཆར་བསྡུ་ལེན་ལས་དོན་ཏན་ཏིག་སྤེལ་བ་དང་ཚོད་ཀློག་དང་ཚོད་སྤྱོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཀློག་དེབ་ལ་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་དེ་བས་ལྡན་པར་བྱས་ཏེ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། དབང་གྲགས་ཀྱི་རང་བཞིན། དུས་རབས་ཀྱི་རང་བཞིན། ཀློག་རིན་ཡོད་པའི་རང་བཞིན་བཅས་ཆེ་བའི་ཀློག་དེབ་རབ་དང་རིམ་པ་གྲུབ་པར་བྱེད་དགོས། དཔེ་སྐྲུན་འགྲེམས་སྤེལ་གྱི་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱེད་པ་དང་དེ་བསྟུན་གྱི་དབང་གྲགས་ལྡན་པའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱ་རྒྱུར་རང་འགུལ་ངང་གྲོས་བསྡུར་ཧུར་ཐག་བྱས་ཏེ་ཀློག་དེབ་ལས་སྤྱི་ཚོགས་ཀྱི་ཕན་འབྲས་དངོས་འབྲེལ་འདོན་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།