《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

གྲོང་ཚོ་ཆུང་ངུས་སྐད་གྲགས་ཆེན་པོ་བཞག་པ།

སྨར་ཁམས་ནི་གནའ་སྔ་མོ་ནས་བོད་ཀྱི་ཤར་ལྷོའི་རྒྱལ་སྒོ་ཆེ་མོ་རེད་ལ“ཇ་རྟའི་ཚོང་ལམ”གྱི་བོད་ཀྱི་ས་ཚིགས་དང་པོ་དེའང་རེད།

རྒྱལ་ལམ་318ལམ་རྒྱུད་དུ་གནས་པའི་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་ལ་འོག་གྲོང་ཚོ་ནི་ཁྲོན་བོད་ལམ་ཐིག་དང་ཡུན་བོད་ལམ་ཐིག་བརྒྱུད་བོད་དུ་བསྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་མང་པོ་ཞིག་གིས་གནས་དེར་ངལ་གསོ་རྒྱུའི་ཡིད་དབང་བཀུག་ཡོད། 2019ལོར་ལ་འོག་གྲོང་ཚོའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གསར་སྐྲུན་བྱེད་སྐབས་ལ་འོག་གྲོང་ཚོའི་318གཅེས་སེམས་ས་ཚིགས་ཆེད་མངགས་བཙུགས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བར་རིན་མེད་ངང་རླངས་འཁོར་འཇོག་ས་དང་། ངལ་གསོ་རྒྱག་ས། སྐུད་མེད་དྲ་བ། དམངས་ཕན་ཞབས་ཞུའི་སྒོ་རྩིས་ཚོང་ཁང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པར་ལས་རིགས་ཁག་གི་མི་སྣའི་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་ཐོབ་ཡོད།

ལ་འོག་གྲོང་ཚོའི་318གཅེས་སེམས་ས་ཚིགས་སུ་ས་གནས་དེ་གའི་བོད་སྒོང་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཡུལ་སྐོར་བ་མང་པོ་ཞིག་གིས་ཟ་ཁང་ནང་བོད་སྒོང་ལས་བཟོས་པའི་ཚལ་རིགས་བཟའ་བ་མ་ཟད། ད་དུང་ཉོས་ནས་འགྲོ་གི་ཡོད། བོད་སྒོང་དེ་དག་ནི་གྲོང་ཚོ་དེའི་ཡུན་བདེ་ཞིང་འབྲོག་པའི་འདེབས་འཛུགས་དང་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ནས་ཉོ་སྒྲུབ་བྱས་པ་ཤ་སྟག་རེད།

2016ལོའི་ཟླ་11པར་ཆེད་ལས་མཉམ་ལས་ཁང་དེ་དངོས་སུ་བཙུགས་ཏེ་སྨི་ངོས་གྲུ་ཁྲི་1.4ཡི་གསོ་ཚགས་ར་བ་དང་མུའུ་50ཡི་འདེབས་འཛུགས་རྟེན་གཞི་ཡོད་པ་མ་ཟད། “མཉམ་ལས་ཁང་དང་། རྟེན་གཞི། ཀུང་སི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་ཀྱང་སྤྱད་ཡོད།

གྲོང་མིའི་འདེབས་འཛུགས་དང་གསོ་ཚགས་ཀྱི་ལྟ་བ་རྗེས་ལུས་ཡིན་པས་མཉམ་ལས་ཁང་འདི་ཉིད་ཐོག་མར་འཕེལ་རྒྱས་གཏོང་སྐབས་ལམ་ལྷོངས་དེ་ཙམ་བྱུང་མེད། དེར་བརྟེན་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཞིང་པ་ཚོར་རོགས་སྐྱོར་གྱིས་རིམ་བཞིན་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཆེད་ལས་ཐོན་སྐྱེད་ཀྱི་ལམ་བུའི་ཐོག་མ་སྐྱོད་ཐབས་མེད་དུ་གྱུར་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

མཉམ་ལས་ཁང་གིས་དང་ཐོག་སོན་བཟང་དང་ཆེད་ལས་ཅན་གྱི་འདེབས་གསོའི་ལག་རྩལ་གསར་པ་ནང་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་དུད་ཀྱི་ཞོར་ལས་གཞི་ཁྱོན་ཆུང་བ་དང་། ཕན་འབྲས་ཆུང་བ། སྤུས་ཚད་ཞན་པ་བཅས་ཀྱི་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་རིམ་བཞིན་འགྱུར་ལྡོག་བཏང་བས། རྒྱ་ཆེའི་ཞིང་པའི་ཐོན་སྐྱེད་ཀྱི་གཞི་ཁྱོན་གང་མགྱོགས་ཆེ་རུ་ཕྱིན་ནས་ཞིང་པའི་ཡོང་འབབ་འཕར་བ་དང་འབྲེལ། “མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད། ཁྲོམ་ར་བཅས་ཟུང་དུ་འབྲེལ་བའི”གཅིག་མཐུན་འདུས་གྲུབ་ཀྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད་ཞིང་དུད་ཀྱི་འདེབས་གསོའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།

དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་འདེབས་འཛུགས་ཁུལ་དེ་ཁུལ་ཁོངས་5ལ་དབྱེ་ཞིང་། ཁུལ་ཁོངས་རེར་ཞབས་ཞུའི་ས་ཚིགས་རེ་བཀོད་སྒྲིག་བྱས་ཏེ་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་ཀྱི་ཁོངས་མིས་འབྲེལ་གཏུག་བྱ་ཡུལ་འགན་གཙང་ལེན་པ་དང་། ཁོངས་མི་ཚོར་སྤུས་ལེགས་སོན་བཟང་དང་། སྐྱེ་ལྡན་རྫས་ལུད། ཞིང་སྨན་གསར་པ་བཅས་མཁོ་འདོན་བྱེད་པ། ལག་རྩལ་གསར་པ་བརྒྱུད་སྤྲོད་བྱེད་པ། ཁོངས་མིའི་ཐོན་རྫས་ཉོ་ཚོང་བཅས་བྱས་པ་མ་ཟད། ཁོངས་མིས་སྔོ་ཚལ་ལ་ཞིང་སྨན་རྒྱག་སྟངས་དང་བསྡུ་ལེན་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས་ཞིང་སྨན་གྱི་ལྷག་རོ་ལུས་པའི་སྔོ་ཚལ་ཁྲོམ་རར་གཏན་ནས་མ་ཐོན་པ་བྱས་ཡོད།

འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་མཉམ་ལས་ཁང་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཅིང་། ཁོངས་མི་ཡང་ཐོག་མར་འཛུགས་སྐབས་ཀྱི་དུད་ཚང་11ནས་དུད་ཚང་39བར་མང་དུ་ཕྱིན་ཏེ་ཞིང་པ་170ཙམ་ལ་སྐུལ་ཁྲིད་ཐུབ་པ་དང་ཁོངས་མི་སྲིད་འཛིན་གྲོང་ཚོ་5ལ་ཁྱབ་ཡོད། ཚད་ལྡན་གྱི་ཐོན་སྐྱེད་དང་ཕན་འབྲས་ཆེ་བའི་ཆུ་གྲོན་ཆུང་ལག་རྩལ་སྤྱད་པས་མུའུ་རེ་ནས་འབབ་འཕར་སྒོར་1000བྱུང་བ་དང་། ཞིང་པ་མང་པོ་ཞིག་དེར་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད། “ད་ཆ་ཕྱིར་གླ་པར་བསྐྱོད་པ་ལས་ནང་དུ་ཚལ་བཏབ་ན་དགའ”ཞེས་པ་དེ་ས་གནས་དེའི་མང་ཚོགས་ཀྱི་ཁ་རྒྱུན་ཞིག་ཏུ་གྱུར་ཡོད།

(རིག་རྡོར་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)