《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཀྲང་ཧྥུའུ་ཆིང་།

ཁེ་གྲགས་དོར་ནས་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝུའུ་ཅུན།

འདི་ནི་ཀྲང་ཧྥུའུ་ཆིང་གིས་དམག་ཆས་རྙིང་པ་གྱོན་ཏེ་དམག་མིའི་གུས་ལུགས་ཞུ་བཞིན་པ། (དཔྱད་གཞིའི་པར་རིས)

ཀྲང་ཧྥུའུ་ཆིང་ནི་1924ལོར་ཧྲའན་ཤིས་ཧན་ཀྲུང་དབྱང་རྫོང་མཱ་ཁྲང་གྲོང་རྡལ་ཧྲོང་མེའོ་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས། 1948ལོའི་ཟླ་3པར། ལོ་24ལ་སླེབས་པའི་ཀྲང་ཧྥུའུ་ཆིང་དམག་ལ་ཞུགས་ནས་དེ་སྔའི་ནུབ་བྱང་ཐང་འཐབ་དམག་ལུའེ་ཤོག་359ཐོན་ཤོག་718ཡིང་ཤོག་2ལེན་ཤོག་6པའི་འཐབ་འཛིང་པ་ཞིག་ཏུ་གྱུར་ནས་དམག་འཐབ་ཐེངས་འགའ་ཤས་ནང་གདོང་མཆོངས་བྱེད་ཕོད་མཁན་ཞིག་ཏུ་གྱུར། དཔའ་ངར་རྟུལ་ཕོད་ཆེ་བར་བརྟེན་ལོ་དེ་གའི་ཟླ་8པར་ལེན་ཤོག་ནས་ཁོང་དམག་ས་དེ་རང་དུ་ཏང་ལ་ཞུགས་རྒྱུའི་འོས་སྦྱོར་བྱས་ནས་གྲ་སྒྲིག་ཏང་ཡོན་དུ་གྱུར། ཀྲང་ཧྥུའུ་ཆིང་གིས་བཅིངས་འགྲོལ་དམག་འཁྲུག་གི་མདེལ་ཆར་ཁྲོད་ཤི་གསོན་ལ་མ་འཛེམ་པར་སྔ་རྗེས་སུ་བྱས་རྗེས་རིམ་པ་དང་པོ་ཐེངས་གསུམ་དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་བཞག་པ་དང་། ནུབ་བྱང་ཐང་འཐབ་དམག་དཔུང་གིས“བྱས་རྗེས་ཁྱད་འཕགས་ཅན”ལ་ཐོ་བཀོད་བྱས། “འཐབ་འཛིང་དཔའ་བོའི”གཟི་བརྗིད་མཚན་སྙན་ཐེངས་གཉིས་ཐོབ་མྱོང་།

1955ལོའི་ཟླ་དང་པོར་དམག་ཞབས་ཐིམ་ནས་ལས་སྒྱུར་གནང་སྐབས། ཀྲང་ཧྥུའུ་ཆིང་གིས་བློ་ཐག་ཆོད་པོས་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་ཞུས་ཏེ་ཧུའུ་པེའི་ཐག་རིང་ཤོས་ཀྱི་ལའེ་ཧྥུང་རྫོང་དུ་ཕྱག་ལས་གནང་བར་ཕེབས།

ལའེ་ཧྥུང་རྫོང་དུ་ཕེབས་རྗེས། ཀྲང་ཧྥུའུ་ཆིང་གིས་སྔ་རྗེས་སུ་ཁྲེང་ཀོན་འབྲུ་སྣུམ་སུའོ་ཡི་ཀྲུའུ་རེན་དང་། སན་ཧུའུ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་ཆུས་ཀྲང་། འཛུགས་སྐྲུན་དངུལ་ཁང་ལའེ་ཧྥུང་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས། ལས་གནས་གང་དུ་ཕེབས་ཀྱང་ཁོང་གིས་ཏན་ཏན་ཏིག་ཏིག་དང་རང་ནུས་ཡོད་དགུ་རྩལ་སྤྲུགས་ཀྱིས་འགན་འཁྲི་སྒྲུབ་པ་དང་ལེགས་སྐྱེས་འབུལ་གྱི་ཡོད། ཀུང་ཧྲིའི་ཚན་ཁག་གི་ཁོངས་མིར་ལས་དོན་སྒྲུབ་ཁུལ་བགོས་སྐབས། ཀྲང་ཧྥུའུ་ཆིང་གིས་སྔོན་ལ་ཐག་རིང་ལུང་ཁུག་ཀའོ་ཏུང་ཁུལ་བདམས། དེ་གར་ལམ་ཤར་གཏོང་ཐུབ་མེད་ལ་གློག་ཀྱང་ཁྲིད་མེད་ནའང་། ཀྲང་ཧྥུའུ་ཆིང་གིས་ཧྲེ་ཡོན་ཚོའི་སྣེ་ཁྲིད་དེ་ངལ་རྩོལ་ལ་ཞུགས་པ་དང་མཉམ་དུ་རྫས་ཁུང་འདྲུ་བ་དང་རི་གཤགས་ལམ་བཟོ་གནང་ཡོད། འཛུགས་སྐྲུན་དངུལ་ཁང་དུ་ཕྱག་ལས་ལ་ཕེབས་རྗེས། ཀྲང་ཧྥུའུ་ཆིང་གིས་ལས་རོགས་ཚོ་དང་མཉམ་དུ་གཞུང་ལས་ཐོག་ཁང་བསྐྲུན་པ་དང་། ད་དུང“དངུལ་བུན་གཏོང་བའི”ལས་སྒོ་གཉེར་ཞིང་། ཁོང་གི་ལག་ནས་བཏང་བའི་དངུལ་བུན་ཡིན་ཚེ་གྱོང་གུན་ཕོག་མྱོང་མེད།

ལས་བསྒྱུར་གནང་བའི་ཉིན་མོ་ནས་བཟུང་ཀྲང་ཧྥུའུ་ཆིང་གིས་འཐབ་འཛིང་གི་བྱས་རྗེས་ཚང་མ་དྲན་ཤེས་ཀྱི་རུམ་དུ་བཅུག་ནས་བུ་ཕྲུག་ལའང་ཚིག་གཅིག་ཀྱང་གསུངས་མ་མྱོང་། འཚོ་བའི་འཁོས་ཀ་དེ་ཙམ་ཡག་པོ་མེད་རུང་ཁོང་གིས་རྩ་འཛུགས་ལ་རེ་བ་ཚིག་གཅིག་ཀྱང་འདོན་མྱོང་མེད།

ཀྲང་ཧྥུའུ་ཆིང་གིས་བྱས་རྗེས་ཁོང་དུ་སྦས་ནས་ཁེ་གྲགས་ལ་རེ་ལྟོས་གནང་གི་མེད། 2018ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ཆ་འཕྲིན་ཐོ་འགོད་བྱེད་སྐབས་ཀྲང་ཧྥུའུ་ཆིང་གི་ལོ་རབས་ཕྱེད་ཀ་ལྷག་ཙམ་ཁོང་དུ་སྦས་པའི་འཐབ་འཛིང་གི་བྱས་རྗེས་གཞི་ནས་མི་ཚོས་ཤེས། ཁོང་གིས“ངས་མི་ཚེ་གང་པོར། ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་ནས་ཏང་གིས་གང་དུ་འགྲོ་དགོས་པའི་བཀོད་འདོམས་གནང་ན་ངས་དེ་གར་འགྲོ་བ་དང་། ཏང་གིས་ལས་འགན་གང་ཞིག་སྤྲད་ན་ངས་དེ་རང་སྒྲུབ་ཀྱི་ཡོད། ངས་ཏང་དང་མི་དམངས་ཀྱི་ཆེད་དུ་ཚེ་གང་འབད་འཐབ་བྱེད་ཀྱི་ཡིན”ཞེས་གསུངས་ཡོད།

ཀྲང་ཧྥུའུ་ཆིང་ལ“དུས་རབས་ཀྱི་མིག་དཔེ”དང་། “རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན” “འབད་འཐབ་པ་ཡག་ཤོས”བཅས་ཀྱི་མཚན་སྙན་ཐོབ་མྱོང་བ་དང་། 2019ལོར“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”རག་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། དབང་སྒྲོལ་དང་ཚེ་སྒྲོལ་གྱིས་ཞུས)