《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月15日

འོད་ཤུགས་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ནུས་རྒྱུ་གཙང་མ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་བ།

ཉེ་བའི་ལོ་ཤས་རིང་ཀྲེ་ཅང་ཞིང་ཆེན་ཏུང་དབྱང་གྲོང་ཁྱེར་གྱིས་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། དེའི་ནང་ཞིང་པའི་འོད་གློག་གསབ་རེས་ཀྱི་གློག་གཏོང་རྣམ་གྲངས་དང་བཟོ་ལས་དང་ཁེ་ལས་ཀྱི་ཐོག་སྟེང་འོད་ཤུགས་གློག་གཏོང་རྣམ་གྲངས་སོགས་ཚུད་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཏུང་དབྱང་གྲོང་ཁྱེར་གྱི་གཞི་ཁྱོན་ཅན་གྱི་འོད་ཤུགས་རྣམ་གྲངས་ནས་ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་4000ཟིན་པ་དང་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་3ཉུང་དུ་ཕྱིན་ཡོད། གློག་དྲ་བརྒྱུད་ནུས་རྒྱུ་གཙང་མ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད། འདི་ནི་ལས་དོན་མི་སྣས་ཏུང་དབྱང་གྲོང་ཁྱེར་ལིའུ་ཧྲི་ཁྲོམ་གཞུང་ཤ་ཤིས་ཐན་གྲོང་ཚོའི་ཉེ་འགྲམ་གྱི་ཀྲའོ་ཝ་50ཡི་ཞིང་གློག་གསབ་རེས་ཀྱི་འོད་ཤུགས་གློག་འདོན་རྣམ་གྲངས་ལ་སྐོར་ཞིབ་བྱེད་བཞིན་པ།