《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月15日

“ཁུན་ལུན་རྟགས་ཅན”གྱིས་མྱུར་བགྲོད་ལྕགས་ལམ་གྱི་ཟམ་གདན་ ཐོག་མ་འདིང་བའི་ལས་འགན་ལེགས་སྒྲུབ་བྱས་པ།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་སྐྲུན་འགན་འཁུར་བའི་ཕུའུ་ཤ་ལྕགས་ལམ་མེ་ཀྲོའུ་མཚོ་ཁུག་གི་མཚོ་སྒྲོལ་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་རང་རྒྱལ་གྱིས་རང་རྟེན་གསར་གཏོད་བྱས་པའི“ཁུན་ལུན་རྟགས་ཅན”གྱི་ཏུན་སྟོང་རིམ་པའི་དབོར་སྒྲིག་གཞི་གཅིག་འཕྲུལ་འཁོར་གྱིས་སྨི་40ཡི་ཟམ་གདན་མཐའ་མ་འདིང་བའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།

“ཁུན་ལུན་རྟགས་ཅན”ནི་མིག་སྔར་འཛམ་གླིང་ཐོག་ཏུན་སྟོང་རིམ་པའི་དབོར་སྒྲིག་གཞི་གཅིག་འཕྲུལ་འཁོར་འབའ་ཞིག་དེ་ཡིན་པ་དང་། 2020ལོར་གསར་དུ་བསྐྲུན་པའི་ཕུའུ་ཤ་ལྕགས་ལམ་མེ་ཀྲོའུ་མཚོ་ཁུག་གི་མཚོ་སྒྲོལ་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་ཐོག་མར་སྤྱོད་འགོ་ཚུགས་ཡོད།

འདི་ནི་གསར་དུ་བསྐྲུན་པའི་ཕུའུ་ཤ་ལྕགས་ལམ་མེ་ཀྲོའུ་མཚོ་ཁུག་གི་མཚོ་སྒྲོལ་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་བཟོ་པས“ཁུན་ལུན་རྟགས་ཅན”གྱི་ཏུན་སྟོང་རིམ་པའི་དབོར་སྒྲིག་གཞི་གཅིག་འཕྲུལ་འཁོར་བཀོལ་ནས་ལམ་ཐིག་དེའི་སྨི་40ཡི་ཟམ་གདན་མཐའ་མ་དེ་འདིང་བཞིན་པ།