《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ཟངས་རི་རྫོང་གིས།

མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཟངས་རི་རྫོང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་དང་ཕུང་གསུམ་པའི་ཚོད་སྐོར་ཚུར་ལན་གྱི་གནད་དོན་དག་ཐེར་ལས་དོན་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྫོང་དེས་ཚོད་སྐོར་ཚུར་ལན་གྱི་གནད་དོན་དག་ཐེར་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་བཏང་བ་རེད།

ཟངས་རི་རྫོང་གིས་ཚོད་སྐོར་ཚུར་ལན་གྱི་གནད་དོན་ལ་དམིགས་ཏེ། མི་འདང་ས་འཚོལ་ཞིབ་ནན་ཏན་དང་རྒྱུ་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱས་ནས་ལས་ཀའི་ལག་བསྟར་ཇུས་གཞི་དང་དག་ཐེར་གྱི་གསལ་ཐོ་བཟོས་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། དག་ཐེར་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། དག་ཐེར་གྱི་ཟུར་འཛུགས་རྩིས་ཁྲ་འཛུགས་པ་བཅས་བྱས་ཏེ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དག་ཐེར་ལས་དོན་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་པ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁུར་བ། སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་མཉམ་དུ་ཞུགས་པ་བཅས་ཀྱི་འཛུགས་གཏོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། རང་བཤེར་དང་། དག་ཐེར། ཞིབ་བཤེར་བསུ་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། འཐུས་སྒོ་ཚང་བའི་ལས་དོན་ལམ་སྲོལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་རྒྱ་ཁྱབ་དང་། གཏིང་ཟབ། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱས་པ། “ཕན་ཚུན་ཞིབ་བཤེར་དང་ཕན་ཚུན་སློབ་སྦྱོང”ཧུར་ཐག་བྱས་ཏེ། འཛུགས་གཏོད་ལས་དོན་ཚད་གཞི་མཐོ་པོ་དང་ཚད་གཞི་ལོན་པའི་འགན་ལེན་བྱས་པ་བཅས་རིམ་པ་ཁག་གི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ཐུབ་པ་རེད།