《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ཆབ་མདོ་གྲོང་ཁྱེར་གྱིས།

ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ལུས་རྩལ་འགྲན་བསྡུར་སྣ་ཚོགས་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་དང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོའི་མི་བདུན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་གྲོང་ཁྱེར་དམངས་ཡོངས་ལུས་སྦྱོང་སྤྱི་ཕན་བྱེད་སྒོའི་ལྟེ་གནས་སུ་ཁག་སོ་སོར་འགྲན་བསྡུར་བྱས་པ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་རུ་སྣེ་འཁྲིད་མཁན་དང་། རྩལ་ཁྲིད་པ། ལུས་རྩལ་པ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད། འགྲན་བསྡུར་བྱ་ཡུལ་དུ་ལུས་རྩལ་པས་མཛའ་བཤེས་ཨང་དང་པོ་དང་། འགྲན་བསྡུར་ཨང་གཉིས་པ་ཡི་དམིགས་ཡུལ་ལ་གཞིགས་ནས་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་དུས་མཚུངས། རང་ཉིད་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པ་རེད། འགྲན་བསྡུར་བྱ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་པས་གྲོང་ཁུལ་གྱི་སྤོ་ལོར་དགའ་བའི་མི་དེ་བས་མང་བ་དེ་གར་ལྟད་མོ་ལྟ་བར་སླེབས་ཡོད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་དེས“ལུས་རྩལ་ཆེན་པོའི”འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས། ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོའི་ལུས་རྩལ་གྱི་ཉམས་འགྱུར་བཟང་པོ་དང་ཡ་རབས་ཀྱི་བྱང་ཚད་གང་ལེགས་མངོན་ཡོད་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)