《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས།

དུག་འགོག་གི་བརྗོད་དོན་གཙོ་བོའི་འགྲན་བསྡུར་བྱེད་སྒོ་སྤེལ་བ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གི་ལས་དོན་མི་སྣས་སློབ་མ་ཚོར་དུག་རྫས་ཀྱི་གནོད་འཚེ་འགྲེལ་བཤད་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་གཙོ་གཉེར་དང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སྒྲུབ་གཉེར་བྱས་པའི“བདེ་ཐང་མི་ཚེ། སྔོ་ལྗང་དུག་མེད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་འབྲིང་སློབ་མའི་རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད།

ཐེངས་འདིའི་དུག་འགོག་གི་བརྗོད་དོན་གཙོ་བོའི་འགྲན་བསྡུར་བྱེད་སྒོར“དྲིལ་བསྒྲགས་དང་སློབ་གསོ་བཏང་ནས་དམངས་ཡོངས་ཀྱིས་དུག་ངོས་ཟིན་པར་བྱེད་པ། སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་དམངས་ཡོངས་ཀྱིས་དུག་འགོག་པར་བྱེད་པའི”འདུ་ཤེས་ལྟར་གྲོང་ཁྱེར་དེའི་སློབ་འབྲིང་སློབ་མ་ཡོངས་ལ་ལུས་པོ་སྦྱོང་བརྡར་དང་མཛའ་བརྩེ་ཟབ་གཏོང་གི་ལས་སྟེགས་ཤིག་མཁོ་འདོན་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་དང་། མཐོ་རིམ་སློབ་འབྲིང་གཉིས་པ། ལས་རིགས་ལག་རྩལ་སློབ་གྲྭ་བཅས་ཀྱི་སློབ་མ་ལུས་རྩལ་པ་ཚོ་སེམས་ཤུགས་འཕེལ་ཞིང་འགྲན་སེམས་ཆེན་པོ་ལྡན་པ་དང་། ལུས་རྩལ་བུ་རྒོད་ཚོས་འགྲན་རའི་ནང་སྤྲོ་སེམས་དང་རྔུལ་ཆུར་བརྟེན་ནས“བདེ་ཐང་གི་མི་ཚེ། སྔོ་ལྗང་དུག་མེད”ཀྱི་འཚོ་བ་སྐྱེལ་སྟངས་དང་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་གྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་གཞོན་ནུ་ལོ་ཆུང་ལ་དུག་རྫས་སྔོན་འགོག་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ནས། “སློབ་རར་དུག་འགོག་དྲིལ་བསྒྲགས་བྱེད་པའི”རིམ་སྤེལ་བྱེད་སྒོ་ཡག་པོ་སྤེལ་ཏེ། དུག་འགོག་དྲིལ་བསྒྲགས་ལས་དོན་དེ་སློབ་གྲྭའི་སྤྱོད་ཤེས་ལུས་མཛེས་སོགས་ཀྱི་བྱེད་སྒོར་ཁྱབ་པར་བྱས་ཡོད་པ་དང་། སློབ་མ་ཚོའི“ལུས་སྦྱོང་བྱས་ནས་བདེ་ཐང་ལྡན་ལ་དུག་རྫས་རིང་དུ་སྤོང་བའི”བདེ་ཐང་འཚོ་བའི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་ཉེ་བའི་ལོ་ཤས་རིང་གི་དུག་རྫས་སྔོན་འགོག་སློབ་གསོའི་ལས་དོན་གྱི་ཁྱད་ཆོས་ཤིག་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)