《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ལྷ་ས་གྲོང་ཁྱེར་གྱིས།

ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་མཉམ་སྡེབ་ཟ་མ་ཟ་བའི་ཐོ་འགོད་དོ་དམ་མ་ལག་སྔོན་ལ་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ཆ་འཕྲིན་ཅན་ལྟ་འདོམས་ལས་སྟེགས་གསོ་སྦྱོང་འཛིན་གྲྭ་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་འདོམས་རིག་ལྡན་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་ཆ་འཕྲིན་ཅན་གྱི་ལྟ་འདོམས་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེའི་ནང་གྲོང་གསེབ་ཀྱི་མཉམ་སྡེབ་ཟ་མ་ཟ་བའི་ཐོ་འགོད་ལས་སྟེགས་ཚུད་པ་དང་། ལས་སྟེགས་དེ་སྤྱོད་འགོ་ཚུགས་པ་ལས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ལྷ་ས་གྲོང་ཁྱེར་གྱིས་མ་ལག་དེ་སྔོན་ལ་སྤྱོད་འགོ་ཚུགས་པ་མཚོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་ལ་རྒྱུན་གཏན་ལྟ་འདོམས་དྲ་བ་ཅན་དང་ཆ་འཕྲིན་ཅན་རིམ་གྱིས་མངོན་འགྱུར་ཐུབ་རྒྱུ་རེད། དེ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ལ་གྲོང་གསེབ་ཀྱི་མཉམ་སྡེབ་ཟ་མ་བའི་ཐོ་འགོད་ཐུབ་ནས་གྲོང་གསེབ་ཀྱི་བཟའ་བཅའི་བདེ་འཇཌ་ལ་ལྟ་འདོམས་བྱེད་པའི་ནུས་ཕྱོད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)