《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ལྷ་ས་གྲོང་ཁྱེར་གྱིས།

གྲོང་ཁྱེར་གྱི་སྒྲིག་བཀོད་ཉམས་གསོ་དང་སྤུས་ཚད་མཐོར་གཏོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་དམ་འཛིན་བྱེད་གཞིར་བྱེད་པ་དང་། གྲོང་ཁྱེར་གྱི་སྒྲིག་བཀོད་ཉམས་གསོ་དང་སྤུས་ཚད་མཐོར་གཏོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་རྣམ་པ་དང་བཀོད་པ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་པས། གྲོང་མི་དང་ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་རིམ་གྱིས་ཆེ་རུ་ཕྱིན་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྲོང་དོན་ལས་གྲྭ་བདག་སྐྱོང་དོ་དམ་ཁྲུས“ལམ་འཁོད་སྙོམས་པ་དང་། ལམ་སྒྲོན་གསལ་བ། ཆུ་ཤར་གཏོང་། ཟམ་པ་བརྟན་པ”བཅས་དང“རྒྱུན་སྤྱོད་རྒྱུན་གསར”གྱི་ལས་ཀའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་གྱི་སྒྲིག་བཀོད་བདག་སྐྱོང་ལས་དོན་རིམ་གྱིས་སྤེལ་བ་རེད། མིག་སྔར། ལྷ་ས་གྲོང་ཁུལ་གྱི་གྲོང་ཁྱེར་གྱི་སྒྲིག་བཀོད་ཉམས་གསོ་དང་སྤུས་ཚད་མཐོར་གཏོང་གི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྲོང་དོན་ལས་གྲྭ་བདག་སྐྱོང་དོ་དམ་ཁྲུའི་འགན་ཁུར་བ་བཀྲ་ཤིས་ལྷ་དབང་གིས“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད། ང་ཚོས་འདི་ལོ་གྲོང་ཁུལ་གྱི་འགྲོ་ལམ་ཁག་30ལྷག་ཙམ་སྒྱུར་བཀོད་བྱས་པ་ཡིན། རྐང་ཐང་ལམ་སྒྱུར་བཀོད་བྱེད་པའི་ཐད། ང་ཚོས་དེ་སྔའི་རྡོ་གཅལ་དང་ཚོན་ལྡན་སོ་ཕག་གི་རྒྱུ་ཆ་ཡོངས་རྫོགས་ཆུ་སིམ་སོ་ཕག་ལ་བསྒྱུར་བ་ཡིན། དེ་སྔ་སྣུམ་ནག་ལམ་ངོས་འབར་འབུར་ཅུང་ཚབས་ཆེ་བའི་གཞུང་ལམ་ཁག་གཅིག་སྤྱི་ཡོངས་ནས་འདིང་སྐྱོར་བྱས་པ་དང་། ལས་གྲྭ་ཧྲིལ་པོ་སྤྱིར་ན་ལེགས་གྲུབ་བྱུང་ནས། གྲོང་མི་ཚོར་སྐྱིད་སྣང་དོད་པའི་འགྲོ་སྐྱོད་ཁོར་ཡུག་ཅིག་བསྐྲུན་ཡོད”ཅེས་གསར་འགོད་པར་བརྗོད།