《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་རྣམ་གྲངས་འཛུགས་པའི་ཞིབ་དཔྱད་ཀྱི་བྱེད་སྒོ་སྤེལ་ཏེ།

“ཕུགས་ཕན་གྱི་ནུས་པ་ལྡན་པའི”སྤྱི་ ཕན་རྣམ་གྲངས་བཙལ་བ།

ཉེ་ཆར། བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས“གླིང་སྣེ་གསུམ་པ་སྲུང་བའི”མ་དངུལ་རོགས་སྐྱོར་གྱི་འཆར་གཞི་ཁྱབ་བསྒྲགས་བྱས་པ་མ་ཟད། འདུན་ཞུ་བྱེད་མཁན་གྱི་ལོ་རྒྱུས་ཐོབ་ཐང་དང་། རྣམ་གྲངས་འདུན་ཞུའི་དཔྱད་གཞི་ཆ་ཚང་མིན་དང་ཚད་ལྡན་བྱུང་ཡོད་མིན་ལ་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་འདུན་ཞུ་བྱེད་མཁན་སྒྲིག་གཞི་7གྱིས་བསྐྱལ་བའི་སྤྱི་ཕན་རྣམ་གྲངས་8བདམས་པའི་ནང་འཕྲལ་སྡོམ་རོགས་སྐྱོབ་དང་། རང་བྱུང་ཚན་རིག་གི་སློབ་གསོ། ཤེས་ལྡན་པའི་འཇོན་ཐང་ཆེར་གཏོང་། ཡུལ་གཞན་དུ་གནས་སྤོས། མངོན་མིན་རིག་གནས་ཤུལ་བཞག་སོགས་སྤྱི་ཕན་གྱི་ཞབས་ཞུ་ཚུད་ཡོད་པ་རེད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“གླིང་སྣེ་གསུམ་པ་སྲུང་བའི”རྣམ་གྲངས་འཛུགས་པའི་ཞིབ་དཔྱད་ཀྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

ད་ཐེངས་ཀྱི་རྣམ་གྲངས་འཛུགས་པའི་ཞིབ་དཔྱད་དེ་འདུན་ཞུ་བྱེད་མཁན་ཚོགས་པས་སྒྲིག་གཞི་ངོ་སྤྲོད་དང་། ལག་བསྟར་བྱེད་མཁན་ཚོགས་པ། རྣམ་གྲངས་ཀྱི་ནང་དོན། མ་དངུལ་སྔོན་རྩིས་སོགས་ཐད་ནས་རྣམ་གྲངས་ངོ་སྤྲོད་དང་ལན་འདེབས་བྱས་པ་དང་། ཞིབ་དཔྱད་རིགས་གཅིག་མཁས་ཅན་གྱིས་རྣམ་གྲངས་ཐད་ཀྱི་གནད་དོན་ལ་ལུགས་མཐུན་གྱི་གྲོས་འགོ་བཏོན་ཏེ་དཔྱད་འདེམས་ནང་ཞུགས་པའི་རྣམ་གྲངས་རེ་རེར་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་ཅིང་། རྣམ་གྲངས་འཛུགས་པའི་ཞིབ་དཔྱད་དེ“ཕུགས་ཕན་གྱི་ནུས་པ་ལྡན་པའི”སྤྱི་པའི་རྣམ་གྲངས་འདེམས་རྒྱུར་གཞིས་ཚུགས་ནས་དྲང་པོ་དྲང་གཞག་དང་། ཕྱི་གསལ་ནང་གསལ། དཔྱད་འདེམས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད། དཔྱད་འདེམས་ལ་བརྟེན་ནས་བྱེད་ནུས་ཆེ་རུ་གཏོང་རྒྱུའི་རྩ་དོན་གཞིར་བཟུང་མཐར་དཔྱད་འདེམས་ནང་ཞུགས་པའི་སྤྱི་ཕན་རྣམ་གྲངས་8ཀྱི་ཁྲོད་ནས་སྐར་མ་བརྒྱབ་ནས་འདེམས་པའི་ཚད་གཞི་ལྟར་མདུན་གྱི་རྣམ་གྲངས་གསུམ་མ་དངུལ་རོགས་སྐྱོར་གྱི་མིང་ཐོའི་ནང་ཚུད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཉེ་ཆར“གླིང་སྣེ་གསུམ་པ་སྲུང་བའི”མ་དངུལ་རོགས་སྐྱོར་གྱི་འཆར་གཞི་ཁྱབ་བསྒྲགས་བྱས་པ་མ་ཟད། འདུན་ཞུ་བྱེད་མཁན་གྱི་ལོ་རྒྱུས་ཐོབ་ཐང་དང་། རྣམ་གྲངས་འདུན་ཞུའི་དཔྱད་གཞི་ཆ་ཚང་མིན་དང་ཚད་ལྡན་བྱུང་ཡོད་མིན་ལ་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་འདུན་ཞུ་བྱེད་མཁན་སྒྲིག་གཞི་7གྱིས་བསྐྱལ་བའི་སྤྱི་ཕན་རྣམ་གྲངས་8བདམས་པའི་ནང་འཕྲལ་སྡོམ་རོགས་སྐྱོབ་དང་། རང་བྱུང་ཚན་རིག་གི་སློབ་གསོ། ཤེས་ལྡན་པའི་འཇོན་ཐང་ཆེར་གཏོང་། ཡུལ་གཞན་དུ་གནས་སྤོས། མངོན་མིན་རིག་གནས་ཤུལ་བཞག་སོགས་སྤྱི་ཕན་གྱི་ཞབས་ཞུ་བསྒྲུབ་རྒྱུར་ཁྱབ་ཡོད།