《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

གནམ་ས་གསར་པ་ཞིག་བཏོད་པ།

—— ཡུག་པོའི་གཟན་རྩྭའི་ཐོན་ལས་ཀྱིས་ཞིང་འབྲོག་ཁུལ་དབུལ་སྒྲོལ་ཡོང་བ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱས་པ།

2019ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་དང་གཤོང་མ་ཤང་གི་ཚད་གཞི་མཐོ་བའི་མུའུ་ཁྲི་ཟིན་པའི་མིས་ཐབས་གཟན་རྩྭའི་རྟེན་གཞིས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་འབྲོག་དུད་ཚང་། ལག་རྩལ་མཛུབ་ཁྲིད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་བརྒྱུད། ཞིང་འབྲོག་པ་དུད་ཚང་603གྱི་མི་2776འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཡུག་པོ་མཉམ་ལས་ཁང་དང་བྲག་མཇུག་ཤང་གི་ཞིང་འཕྲུལ་མཉམ་ལས་ཁང་མཉམ་ལས་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8063བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་1751ཡན་བྱུང་ཡོད།

རང་ལྗོངས་སུ་སྒོ་ཕྱུགས་ཀྱི་གྲངས་འབོར་མང་དུ་ཕྱིན་ནས་རང་བྱུང་རྩྭ་ར་ཞན་འགྱུར་དང་ཐང་རྒོད་ཅན་དུ་གྱུར་ཡོད། རྩྭ་ཕྱུགས་ཀྱི་འགལ་ཟླ་དང་སྐྱེ་ཁམས་ཁོར་ཡུག་ཞན་དུ་ཕྱིན་པ་དེས་མིས་ཐབས་རྩྭ་ར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ནས་གཟན་རྩྭ་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བ་དང་གཟན་རྩྭའི་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་ལ། ཁ་ཚ་དགོས་གཏུགས་ཤིག་ཀྱང་རེད། གཟན་སྤྱོད་ཡུག་པོ་ནང་འདྲེན་དང་། དཔེ་སྟོན། ཁྱབ་གདལ། བེད་སྤྱོད་བཅས་བྱས་པར་གྲུབ་འབྲས་ཐོབ་ནས་རང་ལྗོངས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་དཔེ་སྟོན་གྱི་གྲས་སུ་གྱུར་སྲིད།

2015ལོར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་གཟན་སྤྱོད་ཡུག་པོའི་འདེབས་ཁྱོན་མུའུ་ཁྲི་1ཡང་ཟིན་གྱི་མེད་པ་དང་། 2020ལོར་སླེབས་སྐབས་རྫོང་དེའི་གཟན་སྤྱོད་ཡུག་པོའི་འདེབས་ཁྱོན་མུའུ་ཁྲི་9.5ཟིན་ནས་ལོ་རེའི་དཔྱིད་ཀ་དང་དབྱར་ཁའི་སྐྱ་ཟད་སྔོ་གཏུགས་དུས་སུ་ཕྱུགས་ཕྲུག་ཤི་ཚད་15%ནས་མིག་སྔའི་5%བར་ཆག་ཡོད། དེ་སྔ་གཟན་རྩྭ་དཀོན་པའི་དབང་གིས་སྒོ་ཕྱུགས་དགུན་དུས་ཤ་ཤེད་སྐྱོ་བ་དང་དཔྱིད་དུས་ཤི་བའི་སྣང་ཚུལ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། “གཟན་སྤྱོད་ཡུག་པོའི་འདེབས་ཁྱོན་ཆེ་རུ་བཏང་བས་གཟན་རྩྭ་མཁོ་སྤྲོད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། ཡུག་པོའི་ཕྱུག་འགྱུར་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ལྷུན་གྲུབ་རྫོང་གིས་རྫོང་ཡོངས་སུ་འབྲི་གཡག་འདེམས་གསོའི་ལག་རྩལ་དང་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བས་རྩྭ་ཕྱུགས་དོ་སྙོམས་ཐུབ་ཡོད། འདེབས་གསོ་བྱས་པའི་འབྲི་གཡག་རེར་ས་གནས་དེ་གའི་འབྲི་གཡག་ལས་འོ་མ་སྤྱི་རྒྱ་52དང་ཤ་སྤྱི་རྒྱ་41གིས་མང་བ་དང་། ཁུ་ལུ་ལྡབ་གཅིག་འཕར་བ། ཞིང་འབྲོག་པར་འབབ་འཕར་སྒོར་600ལྷག་ཙམ་མང་དུ་ཕྱིན་ཡོད”ཅེས་ལྷུན་གྲུབ་རྫོང་གི་ལས་ཚབ་རྫོང་དཔོན་གཞོན་པ་ཀྲུའུ་ཡན་པིན་གྱིས་བཤད།