《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ཡུག་པོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བོད་ཀྱི་ཉམས་མྱོང་།

—— རྒྱལ་ཁབ་ཀྱི་ཡུག་པོ་དང་བྲ་བོའི་ཐོན་ལས་ལག་རྩལ་མ་ལག་གཞིས་རྩེ་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་ཅིན་ཐའོ་ལ་བཅར་འདྲི་ཞུས་པ།

གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་རླུང་ཤང་གི་ཞིང་དུད་ཀྱིས་ཡུག་པོ་ཉི་སྐམ་གཏོང་བཞིན་པ།

མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཡུག་པོ་ནི་ཕྱུག་འགྱུར་གྱི“རལ་གྲི་རྣོན་པོ”ཞིག་ཏུ་གྱུར་ཡོད། དེའི་ཐད་བོད་ལ་རང་ཉིད་ཀྱི་ཉམས་མྱོང་ཡོད། དེས་ན། གསར་འགོད་པས་རྒྱལ་ཁབ་ཀྱི་ཡུག་པོ་དང་བྲ་བོའི་ཐོན་ལས་ལག་རྩལ་མ་ལག་གཞིས་རྩེ་ཕྱོགས་བསྡུས་ཚོད་ལྟའི་ས་ཚིཌ་ཀྱི་ཀྲན་ཀྲང་ཅིན་ཐའོ་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་ཡུག་པོ་བོད་དུ་ལེགས་གྲུབ་ལྡན་པའི་ངང་ནང་འདྲེན་བྱས་པའི་ཉམས་མྱོང་གཤམ་གསལ་གྱི་ཕྱོགས་ཁག་ནས་ཕྱོགས་སྡོམ་བྱས་པ་སྟེ།

གཅིག་ནས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གིས་ཡུག་པོ་དང་བྲ་བོའི་ཐོན་ལས་ལག་རྩལ་མ་ལག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་གཟན་སྤྱོད་ཡུག་པོ་འདེབས་འཛུགས་བྱས་མེད་པ་ནས་ཡོད་པའི་བར་དང་། ལྷག་པར་དུ་2006ལོ་ནས་བཟུང་རྒྱལ་ཁབ་ཞིང་ལས་པུའི་དགུན་གྲོའི་རྣམ་གྲངས་གལ་ཆེན་དང་རྒྱལ་ཁབ་ཀྱི་སྤྱི་ཕན་རང་བཞིན་ལས་རིགས་ཀྱི་ཚན་ཞིབ་ཡུག་པོའི་ཆེད་དོན་དབུ་བཞུགས་རིགས་གཅིག་མཁས་ཅན་རེན་ཁྲང་ཀྲུང་བོད་དུ་ཡོང་ནས། གཞིས་རྩེ་གྲོང་ཁྱེར་ཆུ་མིག་ཤང་གི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་ཡུག་པོའི་སྣ་ཁ་གསར་པ་དང་ལེ་ལག་ཚང་བའི་འདེབས་འཛུགས་ལག་རྩལ་མཁོ་འདོན་བྱས་པ་མ་ཟད། ཁོང་སྐུ་ངོ་མས་ཡུག་པོ་འདེབས་གསོའི་ལག་རྩལ་སློབ་ཁྲིད་བྱས་པས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཡུག་པོ་འདེབས་འཛུཌ་བྱས་ནས་འབབ་འཕར་ཡོང་བའི་རྨང་གཞི་ཡག་པོ་ཞིག་བཏིང་བས། ཞིང་ལས་ཐོན་རྫས་གསར་པ་ཡིན་པའི་ཡུག་པོའི་ས་བོན་དང་ཡུག་པོའི་གཟན་རྩྭའི་འགྲོ་ཁུངས་ཀྱི་གནད་དོན་ཚད་གཞི་ངེས་ཅན་ཐོག་ནས་ཐག་གཅོད་ཐུབ་ཡོད།

གཉིས་ནས་གཞི་རིམ་གྱི་ཞིང་ལས་སྡེ་ཚན་དང་སྲིད་གཞུང་གི་གཞོགས་འདེགས་དང་མཉམ་ལས་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཡུག་པོ་ཁྱབ་གདལ་གཏོང་རིང་གཞི་རིམ་སྲིད་གཞུང་གིས་གཞོགས་འདེགས་ཤུགས་ཆེན་བྱས་པ་དང་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པས་ཡུག་པོ་འདེབས་འཛུགས་དང་ཁྱབ་གདལ་གཏོང་བར་འགག་རྩའི་འདེགས་སྐྱོར་གྱི་ནུས་པ་ཐོན་ཡོད། གཞི་རིམ་གྱི་ཤང་དང་གྲོང་ཚོའི་འགོ་ཁྲིད་དང་། གྲོང་སྡོད་ལས་དོན་རུ་ཁག ཚན་རྩལ་མི་སྣ་བཅས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་ཤེས་རྟོཌ་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་འགྲེམས་སྟོན་གྱི་ཚོད་ལྟའི་ཇུས་གཞི་བཟོ་བ། མང་ཚོཌ་ལ་ཡུག་པོའི་སྣ་ཁ་གསར་པའི་ཚོད་ལྟ་དང་། འགྲེམས་སྟོན། དཔེ་སྟོན། ལག་རྩལ་ཁྱབ་གདལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེཌ་ཧུར་ཐག་བྱེད་པར་གོ་བསྐོན་བློ་འགུག་བྱས་ཏེ། ཤང་དང་གྲོང་ཚོ་ཁག་ཏུ་ཡུག་པོ་གྲུབ་འབྲས་ཐོབ་པའི་ངང་དཔེ་སྟོན་ཁྱབ་གདལ་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

གསུམ་ནས་ཚན་རྩལ་མི་སྣས་ཡུག་པོའི་གྲང་འགོག་ཐན་འགོག་གི་ཁྱད་ཆོས་བེད་སྤྱད་དེ་ས་ཞིང་ཡག་པ་བཟུང་སྤྱོད་མི་བྱེད་པ་དང་འབྲུ་རིགས་འདེབས་སའི་ས་ཞིང་མི་བཟུང་བའི་རྩ་དོན་མཐའ་འཁྱོངས་ཀྱིས“སྐམ་ཞིང་རྩྭ་འདེབས་དང་ཆུ་ཞིང་རྒྱུད་སྤེལ”བྱེད་སྟངས་སྤྱད་པས། མང་ཚོགས་ཚོས་ཡུག་པོའི་ལེགས་ཆ་ཤེས་རྟོགས་ཐུབ་ནས་འདེབས་ཁྱོན་གང་མགྱོགས་ཁྱབ་གདལ་བྱུང་ཡོད། རང་ལྗོངས་སུ་སྤུས་ལེགས་གཟན་རྩྭ་ཤིན་ཏུ་དཀོན་པ་དང་། ཞིང་འབྲོག་ཁུལ་དུ་འབྲོག་ལས་གོང་འཕེལ་གཏོང་ཤུགས་ཆུང་བ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྐྱང་པ་ཡིན་པ་སོགས་ཀྱི་དགོས་མཁོ་དངོས་ཞི་ལྷོད་དུ་བཏང་བ་བཅས་རེད།