《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པས་བོད་དུ་མཛུབ་ཁྲིད་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་7ནས་11ཉིན་བར། ཙུའུ་ཀྲང་ཡུས་ཞའོ་མིང་གིས་སྣེ་ཁྲིད་གནང་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པས་རང་ལྗོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། གཞི་རིམ་ཚན་པ་བཅས་ཁག་གཅིག་ཏུ་བསྐྱོད་དེ་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་སྤེལ་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ས་ཆ་ཚང་མར་ཕེབས་རོགས་ཞུས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་བྱེད་སྒོ་ཁག་གཅིག་ལ་ཞུགས་ཡོད་པ་རེད།

ཉིན་ལྔའི་དུས་ཚོད་ནང་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པས་རང་ལྗོངས་ཀྱི་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་སོགས་སུ་བསྐྱོད་དེ་འབྲེལ་ཡོད་ཚན་པའི་གནས་ཚུལ་སྙན་སེང་གསན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ། རིམ་ཁག་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་དང་སྤེལ་རེས་མཉམ་འགུལ་བྱས་པ། རང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་ཤེས་རྟོགས་གཏིང་ཟབ་བཅས་བྱས་ཏེ་བརྟག་ཞིབ་དང་མཛུབ་ཁྲིད་ལས་དོན་གཏིང་ཟབ་ངང་སྤེལ་བ་རེད།

མཛུབ་ཁྲིད་ཚོགས་ཆུང་དང་བཅས་པས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་ལྟ་སྐོར་དང་རྟོག་ཞིབ་གནང་སྐབས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དམིགས་བསལ་གྱི་ས་གནས་ཀྱི་ཏང་གི་ལོ་རྒྱུས་སློབ་གཞི་དེ་ཡོད་པས། བོད་གསར་རྙིང་གི་བསྡུར་བ་གསལ་པོ་དེར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཡིན་པ་དེ་བས་གསལ་པོར་ཤེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ། ལས་སླ་པོར་བྱུང་བ་ཞིག་མིན་པའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་བྱས་ཏེ་སེམས་གི་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

མཛུབ་ཁྲིད་ཚོགས་ཆུང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོར་སླེབས་སྐབས་འགྲེམས་སྟོན་ཁང་མདུན་ངོས་ཀྱི་སློབ་སྦྱོང་སློབ་གསོའི་འགྲེམས་པང་ལས་ཡིད་དབང་རབ་ཏུ་འཕྲོག ཡུས་ཞའོ་མིང་གིས་ཁེ་གསུམ་གྲོང་ཚོའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ཡར་ལངས་ལྔའི”གསར་གཏོད་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་དང་འབྲེལ་གྲོང་ཁྱེར་ཡོངས་དང་ཐ་ན་ལྗོངས་ཡོངས་སུ་དཔྱད་གཞིར་བཟུང་ནས་ཁྱབ་གདལ་གཏོང་དགོས་པའི་གྲོས་འགོ་ཡང་བཏོན་པ་རེད། འཕྱོངས་རྒྱས་རྫོང་ཞོལ་པ་སྡེ་ཁུལ་གྱི“དྲ་ཐོག་གྲགས་ཅན”བྱམས་པ་སྒྲོལ་མ་དང་གླེང་མོལ་གནང་རྗེས་ཡུས་ཞའོ་མིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་དྲ་རྒྱའི་བརྒྱུད་སྤེལ་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་། “དྲ་ཐོག་གྲགས་ཅན”ལ་བརྟེན་ནས་བོད་ལྗོངས་དྲིལ་བསྒྲགས་ཡག་པོ་བྱེད་པ། མང་ཚོགས་ལ་དྲ་ཐོག་ནས་ཐད་གཏོང་དང་དངོས་ཟོག་འཚོང་བར་ཁྲིད་སྟོན་ཡང་དག་བྱེད་པ་སོགས་ཀྱི་ལས་དོན་དེ་དག“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ཁྱབ་ཁོངས་སུ་བཅུག་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་པ་རེད།

བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ལས་ཁུངས(འཕྲོད་བསྟེན་ཁང)ཀྱི་ཏང་ཀྲི་པུའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་སྐབས། ཡུས་ཞའོ་མིང་གིས་ཚང་མར་སྒམ་བརླིང་ནན་ཏན་གྱི་རྣམ་འགྱུར་བསྟན་ནས་དབུ་ལྕོག་ལྕོག་གནང་བ་མ་ཟད། ཚང་མར་དེ་ནི་སྤུས་ཚད་མཐོ་བའི་གཞི་རིམ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཞིག་ཡིན་པ་དང་། ཏང་ཡོན་ལས་བྱེད་པས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་གནད་ལ་འཁེལ་བ་དང་ཉམས་འགྱུར་ལྡན་པས། དེར“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པའི”ཕན་འབྲས་ཐོན་ཡོད་ཅེས་གསུངས། ཁོང་གིས་ཚང་མས་གནད་དོན་ཤེས་རྟོགས་བྱེད་ཕོད་པ་དང་རང་ངོས་ལེགས་བཅོས་བྱེད་ཕོད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཡོངས་ལ་གནང་བའི་འབོད་སྐུལ། གཞོན་ནུ་ཚོས་ལང་ཚོ་ཆུད་ཟོས་སུ་གཏོང་མི་རུང་བ་སོགས་ཀྱི་འགག་རྩའི་གཙོ་གནད་འགའ་ཞིག་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྤེལ་དགོས་པའི་མཛུབ་སྟོན་གནང་བ་རེད།

དབང་ཧའེ་ཀྲོའུ་ཡིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་དེ་རེད། སློབ་སྦྱོང་གཏིང་ཟབ་དང་། གོ་བ་ལོན་པ། ཁོང་དུ་ཆུད་པ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བརྗོད་ན་མར་ཁེ་སི་རིང་ལུགས་འགྲིག་དོན་གྱི་གནས་ལུགས་ཟབ་མོ་ཡིན་པ་དེར་ངོས་འཛིན་གང་ལེགས་བྱེད་དགོས། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང་། “འགན་ལེན་བཞི”ཐུབ་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒུལ་ཤུགས་ཆེན་པོར་དེ་བས་ལེགས་པར་བསྒྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།