《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

“སྲིད་གྲོས་སློབ་ཁང”གི་འཆད་ཁྲིད་ཐེངས་བཞི་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས”ཀྱི་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར།“སྲིད་གྲོས་སློབ་ཁང”གི་2021ལོའི་འཆད་ཁྲིད་ཐེངས་བཞི་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས”ཀྱི་ཆེད་དོན་སྙན་ཞུའི་ཚོགས་འདུ་རང་སྐྱོང་ལྗོངས་སྲིད་གྲོས་སུ་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)མི་རིགས་དང་ཆོས་ལུགས་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་ཝང་ཞའོ་པིན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་ནས“བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས”ལ་དམིགས་ཏེ་ཆེད་དོན་འཆད་ཁྲིད་བྱས་པ་རེད།

ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ལེ་ཀུའེ་ལུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་དང་། བཀྲ་ཤིས་ཟླ་བ། རྒྱ་མཚོ་ལྷ་མོ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་དུས་རབས་གསར་པའི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་པ་མ་ཟད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཀྱང་ཡིན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཏན་ཏིག་དང་གོ་བ་ལོན་པ་བྱས་ཏེ་བོད་ལྗོངས་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་དགོས་པ་དང་། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེའི་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”ལ་ངོས་འཛིན་ཟབ་ཏུ་གཏོང་བ། ཀྲུང་ཧྭ་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་ཆགས་ས་ཡིན་པ་དང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་དམིགས་ས་དང་ཤུགས་རྒྱག་སར་གཞི་ཚུགས་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཐོག “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཟམ་མི་ཆད་པར་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཟམ་མི་ཆད་པར་ཐུབ་པ་བཅས་བྱེད་དགོས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཨུ་ཡོན་དང་གཞི་རིམ་ལ་ཁྱབ་པ་དང་མི་སེམས་ལ་ཟུག་པར་བྱས་ཏེ་ལས་བྱེད་ལས་བཟོ་དང་སྲིད་གྲོས་ཨུ་ཡོན་གྱིས“ལྟ་བ་ལྔ”ཡང་དག་འཛུགས་པ་དང“མོས་སེམས་ལྔ”ཟབ་ཏུ་ཏན་ཏིག་གཏོང་བར་ཁྲིད་སྟོན་བྱེད་དགོས། “གཅིག”དང“མང་པོ”དང་། “གཅིག་མཐུན”དང“ཐ་དད” “རྟག་བརྟན”དང“འགྱུར་ལྡོག”བཅས་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས་སྲིད་གྲོས་ཀྱིས་ཨུ་ཡོན་སྒྲིག་འཛུགས་དང་ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱེད་པའི་ལས་དོན་གྱི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་དང་དེ་བཞིན“ཨུ་ཡོན་གྱི་ཁྲོད་དུ་བསྐྱོད་དེ་ཏང་གི་སློབ་ཚན་འཚོགས་པ་དང་། སྙིང་གཏམ་ཉན་པ། བྱ་བ་དངོས་སྒྲུབ་པ། མི་སེམས་གཅིག་སྒྲིལ་བྱེད་པ”བཅས་ཀྱི་བྱེད་སྒོ་སོགས་གཞི་རྟེན་ནུས་ལྡན་ལ་བརྟེན་ནས་སྣེ་ཁྲིད་དེ་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་སྤྱི་སྐད་དང་ཡི་གེ་ཁྱབ་གདལ་གཏོང་བ། སྣེ་ཁྲིད་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དང་མ་རུངས་ཁོག་བཅུག་ལ་དགག་པ་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་འབྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་མང་ཚོགས་ཞུགས་རྒྱུར་རྒྱ་ཁྱབ་ཏུ་སྐུལ་སློང་བཅས་བྱས་ཏེ་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་འབྲས་ལ་དེ་བས་ལེགས་པའི་ངང་བསྒྱུར་དགོས་པའི་ནན་བཤད་བྱས་པ་རེད།