《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

རི་རྒོད་འབྲས་ཤིང་ར་བར་གྱུར་པ།

ཧོ་པེ་ཞིང་ཆེན་ལོན་ཀྲོའུ་གྲོང་ཁྱེར་གྱི་ཅི་ཀོན་རི་བོ་ནི་དེ་སྔ་སྐྱ་ཐེར་ཐེར་ཞིག་ཡིན་ཡང་། 2015ལོ་ཚུན་དུ། ས་གནས་དེ་གའི་སྲིད་གཞུང་གིས་ཞིང་ལས་གསར་སྤེལ་ཁེ་ལས་ལ་བརྟེན་ནས་ཅི་ཀོན་རི་བོའི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཏེ། རི་རྒོད་ཐང་རྒོད་ཕྱོགས་བསྡུས་བཅོས་སྒྲིག་དང་ཞིང་ལས་གསར་སྤེལ་བྱས་པ་རེད། ལོ་6རིང་འཕེལ་རྒྱས་བཏང་བ་བརྒྱུད། དེ་གའི་རི་རྒོད་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་ཡན་ཟིན་ནས་ཀུ་ཤུ་དང་། སེའུ་དམར་ཆུང་། ཁམ་བུ་སོགས་ཀྱི་འབྲས་ཤིང་བཙུགས་ཤིང་ཚད་གཞི་མཐོ་བའི་སྐས་ཞིང་མུའུ་2000ལྷག་ཙམ་བཟོས་པ་མ་ཟད། ད་དུང་དྲོད་ཁང་ཆེ་མོ་20ལྷག་ཙམ་བརྒྱབ་ནས་འབྲས་ཤིང་སྣ་ཚོགས་ཀྱང་བཏབ་པས། སྐྱ་ཐེར་གྱི་རི་རྒོད་དུ་འབྲས་ཤིང་གིས་ཁེངས་ནས་ས་གནས་དེ་གའི་ཞིང་པ་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད། འདི་ནི་ལས་བཟོ་ཚོས་ཧོ་པེ་ཞིང་ཆེན་ལོན་ཀྲོའུ་གྲོང་ཁྱེར་ཅི་ཀོན་རི་བོའི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་རྒུན་འབྲུམ་འཐོག་པའི་གནས་ཚུལ་ཡིན་པ།