《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ཡར་སླེབས་ཤང་དུ“དུས་རབས་གསར་པའི་ཤེས་དཔལ་ལག་ལེན”གྱི་སྐུལ་འདེད་ཉིན་མོ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་6ཉིན། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ཡར་སླེབས་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས“གད་སྙིཌ་གཙང་སེལ”དང་། “རིམས་ནད་སྔོན་འགོག་དང་ཚོད་འཛིན” “ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ“དུས་རབས་གསར་པའི་ཤེས་དཔལ་ལག་ལེན”གྱི་སྐུལ་འདེད་ཉིན་མོ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཏེ། ཤང་ཡོངས་སུ་ཤེས་དཔལ་ལག་ལེན་མི་ཚང་མས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བྱེད་པ། གང་ས་གང་དུ་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

ཡར་སླེབས་ཤང་ཡར་སླེབས་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་ཁག་གསུམ་ལ་དབྱེ་བ་སྟེ། གཅིག་ནས་བདེ་འཇགས་སྐོར་གཡེང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ནས་སྤྱི་ཚོགས་བདེ་འཇགས་དང་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་དང་། རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་བ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནུས་ལྡན་དང་ཟིལ་གནོན་བཅས་བྱས་ཏེ་ཤང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་ཏན་ཏིག་གཏོང་རྒྱུ་དང་། གཉིས་ནས་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་ལས་དོན་སྤེལ་ནས་དང་བླངས་པ་ཚོས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བཙོག་པར་མི་སྐྲག་པ་དང་། དཀའ་ངལ་ལ་མི་སྐྲག་པ། འབད་འབུངས་ཆེན་པོས་སྔོན་ཐོན་བརྩོན་ལེན་བཅས་བྱས་ཏེ། ཡུན་རིང་གཙང་སྦྲ་བྱེད་མཁན་མེད་པའི་ཁུག་ཀྱོག་དང་ཆུ་ལམ་གྱི་གད་སྙིགས་གཙང་སེལ་ནན་ཏན་བྱ་རྒྱུ། གསུམ་ནས་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་སྒྲིག་འཛུགས་བྱས་ཏེ“ཏང་གི་ལོ་རྒྱུས་སློབ་གསོའི”བྱེད་སྒོ་དང་དེ་བཞིན་སྤྲོ་སྣང་ལྡན་པའི་རིག་རྩལ་བྱེད་སྒོ་སྤེལ་རྒྱུ་བཅས་རེད།

ད་ཐེངས་ཀྱི“དུས་རབས་གསར་པའི་ཤེས་དཔལ་ལག་ལེན”གྱི་སྐུལ་འདེད་ཉིན་མོ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོར་དང་བླངས་པ་དང་དེ་བཞིན་བྱེད་སྒོའི་ནང་ཞུགས་མཁན་མི་སྣ་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་གསོ་དང་། བདེ་འཇགས་སྐོར་གཡེང་། གད་སྙིགས་གཙང་སེལ། ཁོར་ཡུག་གཙང་སྦྲ་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད། ཤང་དེར་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཁྱིམ་གཞིས་ལ་དགའ་ཞེན། ཁྱིམ་གཞིས་བསྐྲུན་རྒྱུར་དགའ་ཞེན་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་དེ། ཤང་ཡོངས་ཀྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་སྣང་དང་། སྐྱིད་སྣང་། ཐོབ་སྣང་བཅས་ཆེ་རུ་བཏང་ཡོད།

(འཕྲིན་སྤེལ་བ། དབང་སྒྲོན)