《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

གཉའ་ནང་གྲོང་རྡལ་གྱིས།

“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་གཅེས་ སེམས་མཚོན་པའི”ཞལ་འདེབས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཉམས་ཞན་ཚོགས་སྤྱིར་གཅེས་སྐྱོང་དང་གཉའ་ནང་གྲོང་རྡལ་གྱི་དུད་ཚང་དབུལ་པོར་རོགས་རམ་བྱ་ཆེད། ཉེ་ཆར་གཉའ་ནང་གྲོང་རྡལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་གཅེས་སེམས་མཚོན་པའི”ཞལ་འདེབས་བྱེད་སྒོ་སྤེལ་ནས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་། ཏང་ཡོན། མང་ཚོགས་བཅས་ཀྱིས་ནད་པ་བདེ་ཆེན་ལ་ཞལ་འདེབས་བརྒྱབ་པ་རེད།

གཉའ་ནང་གྲོང་རྡལ་ཚོང་འདུས་གྲོང་ཚོའི་དུད་ཚང་དབུལ་པོའི་གྲོང་མི་བདེ་ཆེན་གྱི་ནད་གཞི་ལྕི་རུ་ཕྱིན་ནས་སྨན་རིན་འབོར་ཆེན་དགོས་པས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་། ཏང་ཡོན། མང་ཚོགས་བཅས་ཀྱིས་རོགས་སྐྱོར་ཧུར་ཐག་བྱས་ནས་ཞལ་འདེབས་འབུལ་བའི་བྱེད་སྒོར་ཞུགས་ཡོད། ལས་བྱེད་པ་དང་མང་ཚོགས་ཚོས་གཅེས་སེམས་མཚོན་པར་བྱས་ནས་སྒོར་བརྒྱ་ཉིས་བརྒྱ་ཞལ་འདེབས་སྒམ་ནང་བླུགས་པས་ཆུ་ཚོད་གཅིག་ཀྱང་མ་འགོར་བར་ཞལ་འདེབས་སྒོར་ཁྲི་3.4རག་པ་དང་། ཞལ་འདེབས་ཀྱི་དངུལ་ཚང་མ་བདེ་ཆེན་གྱི་སྨན་བཅོས་ཐད་སྤྱོད་རྒྱུ་ཡིན་པ་རེད།

(འཕྲིན་སྤེལ་བ། དབང་སྒྲོན)