《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ལུས་སྦྱོང་གི་སྤྲོ་སྣང་།

ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་(ཀྲུང་དབྱང)ཐད་གཏོགས་ཚན་པའི་དམངས་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་མྱོང་རོལ་ཟླ་བའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་གཉེར་བའི་དུས་ཚོད་ནི་ཟླ་7ཚེས་3ཉིན་ནས་ཟླ་8ཚེས་14ཉིན་བར་ཡིན་པ་དང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་མི་ལྔ་རེའི་རྐང་རྩེད་སྤོ་ལོ་དང་། མི་གསུམ་རེའི་ལན་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཆུ་རྐྱལ་སོགས་རྣམ་གྲངས་ཆེ་གྲས་6དང་ཆུང་གྲས་23བཀོད་སྒྲིག་བྱས་ཡོད།

འདི་ནི་ལུས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པས་འགྲན་བསྡུར་དྲག་པོ་བྱེད་བཞིན་པ།