《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

ལྷ་སས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ།

ཆེ་དགྲ་ལྷ་བྱེད་སྒོར་ཞུགས་པ་དང་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་སར་སྤེལ་བའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་ཞུགས་ནས་ལྗོངས་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་ཁ་ཕྱོགས་པའི་ཁ་ལོ་བའི་རྩལ་ནུས་རིན་མེད་གསོ་སྦྱོང་ལས་དོན་ལ་སྐུལ་འདེད་བཏང་གནང་བ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཏང་གི་དམིགས་ཡུལ་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བློ་ལ་ངེས་ཏེ་བྱ་བ་དངོས་དང་བྱ་བ་བཟང་པོ་དངོས་འབྲེལ་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་བྱེད་སྒོར་ཞུགས་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཆེ་དགྲ་ལྷས་ཆེད་ལས་བཀོད་སྒྲིག་དང་། ཁེ་ལས་ཀྱི་སྦྱོང་བརྡར། ལས་ཞུགས་མངོན་འགྱུར་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་ནན་ཏན་ངང་གསན་ནས་སློབ་མའི་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་བ་མ་ཟད། སློབ་མའི་སེམས་གཏིང་གི་སྐད་ཆ་གསན་པ་རེད། ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་ཁ་ཕྱོགས་ནས་ཁ་ལོ་བའི་རྩལ་ནུས་རིན་མེད་གསོ་སྦྱོང་གི་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྤེལ་བའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ཚང་མའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད་རེད། ད་ཐེངས་འདིར་ཡོང་ནས་སློབ་མ་ཚོའི་བསམ་ཚུལ་ངོ་མ་རྟོགས་པ་དང་སྐུལ་འདེད་བྱ་ཐབས་ཁ་གསལ་དུ་བཏང་ནས“སློབ་མར་བསམ་བློ་གཏོང་བ”དེ་བྱ་སྤྱོད་ངོ་མའི་ཐོག་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། གཏམ་བཟང་དེ་ཐོས་མ་ཐག་དེ་གར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་དང་སློབ་མ་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཁ་ལོ་བའི་ལག་རྩལ་སོགས་རྩལ་ནུས་ཡག་པོ་སྦྱངས་ཏེ་ཕ་ཡུལ་འཛུགས་སྐྲུན་ལ་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

ཆེ་དགྲ་ལྷས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་དོན་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་བརྩེ་སེམས་ཟབ་མོས་འགན་འཁྲི་འཁུར་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་ཐུབ་པར་བྱེད་དགོས། ལས་རིགས་སློབ་གསོ་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ། མི་སྤྱོད་ཀྱི་དགོས་མཁོར་གཞིགས་ནས་འབྲེལ་མཐུད་གནད་འཁེལ་གྱིས་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། སློབ་ཚན་བཀོད་སྒྲིག་ཡག་པོ་བྱེད་པ། དུས་རབས་གསར་པའི་དགོས་མཁོ་དང་འཚམ་པའི་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཡག་པོ་བྱེད་དགོས། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཁྲིམས་ལུགས་དང་སྒྲིག་ལམ་དང་མཐུན་པའི་ཁ་ལོ་བའི་སློབ་ཚན་བཀོད་སྒྲིག་བྱེད་པ་དང་ལམ་ལུགས་གསར་གཏོད་དང་། སྲིད་ཇུས་མཁོ་འདོན། སློབ་ཁྲིད་དུས་ཡུན་འགན་ལེན་བཅས་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་ཚང་མར་རིན་མི་དགོས་པ་དང་ཚད་ལྡན་གྱི་ཁ་ལོ་བའི་ལག་རྩལ་གསོ་སྦྱོང་ཐུབ་པ་དང་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།