《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཟླ་7ཚེས་1ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་རྒྱུར་སྐུལ་ཡོད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཡོད། ཚང་མས་དགོངས་དོན་གྱི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། ལག་ལེན་གྱི་བླང་བྱ་སྟངས་འཛིན་ཡང་དག་བྱེད་པ། བརྗིད་རྔམ་ངང་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་འཕེལ་བ་བཅས་བྱས་ནས། རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་ནུས་ཤུགས་ཡོད་རྒུས་འོད་སྟོང་གསར་པ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

ཟླ་7ཚེས་8དང་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པ་ཚོས་ད་ཐེངས་གསོ་སྦྱོང་གི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གཙོ་གནད་མངོན་གསལ་དོད་པས་དེར་མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན་ཆེན་པོ་ལྡན་འདུག་ཅེས་བརྗོད། ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ལས་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་པ་དང་། ཕྱུག་པོ་ཆགས་ཐུབ་པ། སྟོབས་ཆེར་ཕྱིན་པ་བཅས་ལ་སྣེ་ཁྲིད་ཐུབ་པ་ང་ཚོར་ར་སྤྲོད་བྱས་ཡོད། ལས་བྲལ་དང་རྒན་ཡོལ་ཞུ་མཁན་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་གསོ་སྐྱོང་གོ་སྐབས་སུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”དེ་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པའི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དེ་བས་འདོན་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱ་ཆེའི་བུད་མེད་མང་ཚོགས་ཚོ་བུད་མེད་དང་བྱིས་པའི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་གི་རྣམ་པ་གསར་པ་ཞིག་ཐུན་མོང་ཐོག་གཏོད་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག རྒན་ཡོལ་ཞུས་པའི་ཕུལ་བྱུང་གི་བུད་མེད་ལས་བྱེད་པའི་འཐུས་མི་ཕུར་ལྷས་སེམས་འགུལ་ཐེབས་བཞིན་དུ“ཀྲུང་གོ་གུང་ཁྲན་ཏང་ནི་འཛམ་གླིང་ཐོག་གི་རླབས་ཆེ་ཤོས་ཀྱི་སྲིད་ཏང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་ཆབ་མདོ་དང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དུས་རབས་བཟང་པོ་དེ་འདྲར་འཚོ་བ་སྐྱེལ་རྒྱུ་བྱུང་བ་དངོས་གནས་ངའི་བསོད་ནམས་རང་རེད”ཅེས་བརྗོད།

ཉིན་ཤས་བསྟུད་མའི་རིང་། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚོགས་ཆེན་གྱི་ཐད་གཏོང་མཉམ་ལྟ་དང་། མཉམ་སྡེབ་སློབ་སྦྱོང་། “མཚན་མོའི་སློབ་གྲྭའི”སློབ་སྦྱོང་། མི་སྒེར་གྱི་རང་སྦྱོང་། སློབ་སྦྱོང་མྱོང་ཚོར་སྤེལ་རེས། སློབ་སྦྱོང་ཟིན་བྲིས་རྒྱག་པ་སོགས་བྱེད་སྟངས་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

ཚོགས་ཆེན་གྱི་ཐད་གཏོང་གནས་ཚུལ་གཟབ་རྒྱས་མཉམ་དུ་བལྟས་རྗེས། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་ཏང་ཡོན་ལ་ཆབ་སྲིད་འཁྲུངས་སྐར་གྱི་རྟེན་འབྲེལ་གཱ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་མྱོང་ཚོར་སྤེལ་རེས་བྱས་ཡོད། ཚང་མས་སླད་ཕྱིན་གྱི་ལས་དོན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་བསམ་བློའི་དྲག་ཆས་སྟོབས་ཆེན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ། དམངས་ཆེད་ཁྲིམས་འཛིན་གཏིང་ཟབ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

ཉེ་དུས་ནག་ཆུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་ཕྱོགས་ཡོངས་ནས་འཕྱུར་ཞིང་། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་ཆེད། ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་འཕྲལ་དུ་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སློབ་སྦྱོང་གི་ཇུས་གཞི་བཟོ་བ་དང་། སློབ་སྦྱོང་བྱེད་སྟངས་ཁ་གསལ་བཟོས་ཏེ། རིམ་པ་བགོ་བ་དང་ཕྱོགས་མི་འདྲ་བའི་སྒོ་ནས་སློབ་སྦྱོང་དང་། སྤེལ་རེས། བགྲོ་གླེང་བཅས་བྱས་ཡོད། ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་མཇུག་འགྲིལ་རྗེས་ཉིང་ལག་རུ་ཁག་ལས་ཁུངས་ཀྱི་ཁོའོ་ཧྲི་ཁག་དང་གཞི་རིམ་རུ་ཆེན་ཁག་དང་དེ་བཞིན་མེ་ཟོན་རོགས་སྐྱོབ་ས་ཚིགས་ཁག་གིས་འཕྲལ་དུ་རྗེས་སྙེག་བྱས་ཏེ། ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཏང་ཚོགས་ཆུང་གི་ཚོགས་འདུ། ཆེད་དོན་ཏང་གི་སློབ་ཚན་སོགས་བྱེད་སྟངས་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།