《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月07日

རང་སྐྱོང་ལྗོངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་ལྷ་སར་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་ལྷ་སར་གཉེར་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་གནས་ལུགས་གསལ་རྟོགས་དང་། དད་སེམས་འཕེལ་བ། སྤྱོད་བཟང་གོང་བཀུར། ལག་ལེན་ནན་བསྟར་བཅས་ཏན་ཏིག་ངང་ཐུབ་པ་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པ་ཆེ་རུ་བཏང་སྟེ་དེ་བས་ལེགས་པའི་ངང་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། འགན་འཁྲི་ཁུར་སེམས་ཆེར་གཏོང་བཅས་བྱས་ནས་བསམ་བློ་དང་། བརྩེ་སེམས། སྟོབས་ཤུགས་བཅས་སྤྱད་དེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུར་ཡག་པོ་བསྐྱོད་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས“སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས”ལ་དམིགས་ཏེ་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་ཞིང་། ཚང་མས་སློབ་སྦྱོང་དང་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་བརྒྱུད་བསམ་བློའི་ཐད་སློབ་གསོ་གསར་པ་ཐེབས་པ་དང་། རིགས་པའི་གཞུང་ལུགས་ཐད་རིམ་སྤོར་གསར་པ་བྱུང་བ། ཏང་གཤིས་ཐད་ཞུན་བརྡར་གསར་པ་བྱུང་སྟེ་ཏང་གི་ལོ་རྒྱུས་ཁྲོད་ནས་སྙིང་སྟོབས་ཀྱི་འགུལ་ཤུགས་ལེན་ཐུབ་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

ཆེ་དགྲ་ལྷས“ལྷག་བསམ་རྣམ་དག”བཅངས་ནས་ཐོག་མའི་བསམ་འདུན་མངོན་པར་བྱས་ཏེ་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོས་བསམ་མྱོང་རྟོགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལམ་ལུགས་བརྟན་པོ་སྲུང་བ། ལས་དོན་ཏན་ཏིག་དང་སྤྱོད་ཚུལ་ནན་པོའི་ཐོག་ནས“སྲུང་སྐྱོང་གཉིས”དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། “ཏན་ཏིག”ཐད་ནས་བྱ་སྤྱོད་མངོན་པར་བྱས་ཏེ་དངོས་སྒྲུབ་ལས་དོན་ཁག་གི་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱས་ནས“ཆ་རྐྱེན་ལྡན་ཚེ་ལས་དོན་སྒྲུབ་པ་དང་ཆ་རྐྱེན་མེད་པར་ཆ་རྐྱེན་བསྐྲུན་ནས་ལས་དོན་སྒྲུབ་པའི”ལས་ཀའི་ཆོད་སེམས་ལ་བརྟེན་ཏེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཟབ་མོ་བཏོད་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ས་མཐོར་དོན་འཁྱོལ་ཐུབ་པ་དང་། གཞི་ཚུགས་པ། རྩ་བ་རྒྱས་ནས་མེ་ཏོག་བཞད་ཐུབ་པ་བྱེད་དགོས། “ལེགས་སྐྱེས”ཐད་ནས་བརྩེ་སེམས་མངོན་པར་བྱས་ཏེ“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བརྟན་དུ་གཏོང་བ་དང་། དམངས་ལ་བཅངས་བའི་བརྩེ་སེམས་ནམ་ཡང་གནས་ཐུབ་པ་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”གཞི་རྟེན་དུ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོའི་དོན་དངོས་12ཡག་པོ་སྒྲུབ་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི“རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པའི”གཞི་རྩའི་ལངས་ཕྱོགས་དང“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”བླ་ན་མེད་པའི་བརྩེ་སེམས། “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པའི”གཟི་བརྗིད་ལྡན་པའི་ཁས་ལེན་བཅས་ལག་ལེན་བསྟར་དགོས་པའི་ནན་བཤད་གནང་བ་རེད།