《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月04日

ཏང་དར་ལྷབ་ལྷུབ་ཏུ་གཡོ། མདུན་སྐྱོད་ཀྱི་ལེའུ་གསར་བརྩམས།

ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ནི་ལས་ཁུངས་འཛུགས་སྐྱོང་གི་རྩ་བའི་འགན་ལེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འགན་འཁྲི་དང་ལས་འགན་སྐོར་ལ་རྣམ་བཤད་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གནང་སྟེ། “མིག་དཔེ་གསུམ་འདོན་པ་དང་དཔེ་བཟང་གི་ལས་ཁུངས་འཛུགས་སྐྱོང་བྱེད་དགོས་པ”སོགས་ཀྱི་ཆོད་གཏམ་གལ་ཆེན་བཏོན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མིག་དཔེ་གསུམ་འདོན་པ་དང་དཔེ་བཟང་གི་ལས་ཁུངས་འཛུགས་སྐྱོང་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི“བརྟན་པོ་འཛུགས་དགོས་པ་གསུམ”གྱི་བླང་བྱ་གཞིར་བཟུང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ཏེ། “འགྱུར་ལྡོག་གཉིས་དང་ཤུགས་ཆེར་གཏོང་བ་གཅིག”མངོན་འགྱུར་ཡོང་བ་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དེ་ངེས་གཏན་མེད་པའི་དམིགས་ཚད་ནས་བཟློག་མེད་ལས་འགན་ལ་འགྱུར་བ་དང་། ལས་དོན་དེ་གཡོ་ཟོལ་ནས་དངོས་འབྲེལ་ཕྱོགས་སུ་འགྱུར་བ། ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཅས་ཕྱིན་པས། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཚང་མ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

ཆབ་སྲིད་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་ཕྱིན་པ།

ཏང་གི་དར་ཆ་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་གཅིག་སྡུད་མཚོན་ཚུལ་དང་། རང་རེའི་ཏང་དེ་སྲིད་ཏང་གཞན་དང་དབྱེ་བ་ཡོད་པའི་རྩ་བའི་མཚོན་རྟགས་ཤིག་རེད། ལྗོངས་ཐད་གཏོགས་ལས་ཁུངས་ནི་དང་ཐོག་ཆབ་སྲིད་ལས་ཁུངས་ཤིག་ཡིན་པ་དང་། རང་ལྗོངས་ཀྱིས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་རུ་སྟར་གྲུ་བཞི་དང་པོ་དེ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཨང་དང་པོར་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་ཏང་ཡོན་དང་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་བྱས་ཡོད།

“མིག་དཔེ་གསུམ”ཡག་པོ་སྟོན་ནས་དཔེ་བཟང་གི་ལས་ཁུངས་འཛུགས་སྐྱོང་བྱས་ཤིང་། “‘སྲུང་སྐྱོང་གཉིས’ཐུབ་པ་བྱ་རྒྱུ་དེ་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་པོ་དང་། ཆབ་སྲིད་ཀྱི་ཚད་གཞི་དང་པོ། བྱ་སྤྱོད་ཀྱི་ཚད་གཞི་དང་པོ་བཅས་ལ་གྱུར་ཡོད་པས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཧུར་ཐག་བཏང་ཡོད”ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་འཛུགས་གཏོད་བྱེད་སྒོར་ཆེད་དོན་བཀོད་སྒྲིག་བྱས་ཤིང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུར་དམིགས་ནས་འཛུགས་གཏོད་ལ་དམ་འཛིན་བྱས་ཏེ། འཛུགས་གཏོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཧུར་ཐག་གཏོང་བ་དང་བྱེད་སྒོའི་ལས་སྟེགས་བཏོད་དེ་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང“སྲུང་སྐྱོང་གཉིས”ལག་བསྟར་གཏིང་ཟབ་བྱས་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་མིག་དཔེ་དང་། ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པའི་མིག་དཔེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་མིག་དཔེ་བཅས་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་དང་ཆབ་སྲིད་ཀྱི་སྟོན་ཕྱོགས་གསལ་པོ་ཞིག་ཆགས་པས། ཉི་མ་བཀྲ་ཤིས་དང་། ཀུའོ་ལིན་ཧའེ། ལྷག་ཆུང་། ཟླ་རྒོད་སོགས་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁག་གཅིག་ཐོན་ཡོད་པ་རེད།

ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དུས་རབས་གསར་པར་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་རྩ་བའི་ལས་འགན་ནི“སྲུང་སྐྱོང་གཉིས”ཡིན།

(པར་ངོས་གཉིས་པར་གཟིགས)

སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་བློ་བརྟན་གཞུང་དྲང་གིས་ཕུགས་བསམ་དང་དད་སེམས་དེ་བས་བརྟན་དུ་བཏང་བ།

(པར་ངོས་དང་པོར་མཐུད) ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་ལྗོངས་ཀྱི་རྣོ་ངར་དང་རྙོག་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཆབ་སྲིད་ཀྱི་སྒྲིག་ལམ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་བཅས་ལག་བསྟར་ནན་པོ་བྱེད་པ། “ངོ་གཉིས་མར”དབྱེ་འབྱེད་བྱེད་པའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བཅས་བྱས་པ་དང་། ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་དུས་བཀག་བཞིན་ཏང་གཤིས་དབྱེ་ཞིབ་བྱས་པ། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱིས་ཏང་ཡོན་ལས་བྱེད་པའི་ཆོས་དད་རང་མོས་ལ་གྲལ་བཤེར་དང“ངོ་གཉིས་མའི”ཆེད་དོན་བཅོས་སྒྲིག་ཧུར་ཐག་བྱས་པ། ཚོང་དོན་ཐིང་གི་ཏང་ཙུའུ་ཡིས་རིམ་པ་དབྱེ་ནས་ཏང་ཀྲི་པུའུ་ཁག་གི“དམར་པོ་ཐེབས་ཆག”དང“ནག་པོ་རྩེར་སོན”གྱི་གནད་དོན་ལ་རང་བཤེར་བྱས་པས་ཆབ་སྲིད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་བརྟག་ཞིབ་ཚོགས་ཆུང་4བཙུགས་ཏེ་དུས་ངེས་མེད་དུ་ལྟ་སྐུལ་མཛུབ་ཁྲིད་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་རང་འགུལ་ངང་ཏང་ཡོན་དང་ལས་བྱེད་པ་དང་སྡེ་ཚན་དེ་གའི་ཁོངས་གཏོགས་ཀྱི་དུས་དེབ་དང་དྲ་ཚིགས་སོགས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བྱས་པས“ངོ་གཉིས་མར”ཞིབ་བཤེར་གཏིང་ཟབ་བྱེད་པའི་ཕར་རྒོལ་ཆེན་པོ་ཞིག་ཆགས་ཏེ་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོ་རྒྱུན་འཁྱོངས་ཐུབ་ཡོད།

གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱིས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ཞིང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ“གྲོས་གཞི་ཨང་དང་པོར”བརྩི་རྒྱུ་མཐའ་འཁྱོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྒྲིག་འཛུགས་ནན་ཏན་བྱས་ནས་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་ཀྱི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་འཕྲལ་མར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་འཕྲལ་མར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་ཡར་རྒྱས་ཡོང་བར་བྱེད་པ་དང་སྣེ་ཁྲིད་དེ་ཏང་ཡོན་ལས་བྱེད་པའི་ཏང་གི་སློབ་ཚན་འཁྲིད་པ་དང་ཟུར་ཁྲིད་བྱས་ནས་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། འདི་ལོ་ཚུན་དུ་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་སྤེལ་རེས་བགྲོ་གླེང་ཐེངས་466སྒྲིག་འཛུགས་བྱས་པ་དང་། ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཚན་གྱི་ཟུར་ཁྲིད་ཐེངས་135བྱས་ནས་སློབ་སྦྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

“རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བསྡུར་བ་དང་དད་སེམས་བརྟན་གཏོང་བསྡུར་བ”བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་སེམས་སུ་ཟུག་པ་དང་ཏང་གི་བསམ་བློ་སེམས་སུ་ངེས་པར་བྱས་ཤིང་། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་སེམས་ཀྱི་སྟོབས་ཤུགས་ཀྱིས་ཁེངས་ཡོད་པ་འདི་ནི་ང་ཚོས་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་རྩ་བའི་འགན་ལེན་ཞིག་ཡིན་པས། ཡིད་ཆེས་བརྟན་པོ་དང་སློབ་སྦྱོང་ཡག་པོ་བྱས་ཚེ་གཞི་ནས་དངོས་འབྲེལ་རྟོགས་ཐུབ་པ་དང་སྤྱོད་ཐུབ” ན་ནིང་ཟླ་12པར་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་མྱོང་ཚོར་སྤེལ་རེས་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་སློབ་སྦྱོང་དང་། དུས་ཐོག་རྗེས་སྙེག་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། དད་སེམས་ཆེན་པོས་སློབ་སྦྱོང་དང་ལག་བསྟར་བཅས་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དགོངས་པའི་མ་ལག་དང་། སྙིང་བཅུད་དོན་གནད་དང་དུས་རབས་ཀྱི་བདེན་དོན། ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་བཅས་རྟོགས་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སོགས་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་སྙིང་དོན་དང་ལག་ལེན་གྱི་བླང་བྱ་རྟོགས་པ་དང་ཁོང་དུ་ཆུད་པར་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་པོ། བསམ་ཕྱོགས་ཆེན་པོ། འཐབ་ཇུས་ཆེན་པོ་བཅས་རྟོགས་པ་དང་ཁོང་དུ་ཆུད་པར་བྱས་པས། སློབ་སྦྱོང་དང་། ངོས་འཛིན། བྱ་སྤྱོད་བཅས་ཀྱི་རྗེས་སྙེགས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལམ་བུ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱུང་ཡོད།

ལྟེ་བར་དམིགས་པ་དང་། དཔུང་ཁག་འཛུགས་སྐྱོང་། སྤྱི་ཡོངས་ལ་ཞབས་ཞུ་བཅས་བྱས་ནས་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ།

ལྟེ་བར་དམིགས་པ་དང་། དཔུང་ཁག་འཛུགས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ནི་ལས་ཁུངས་ཏང་འཛུགས་སྐྱོང་གི་འགྱུར་མེད་ཀྱི་བརྗོད་གཞི་ཞིག་ཡིན་ལ། ལས་ཁུངས་ཏང་འཛུགས་སྐྱོང་གི་སྤུས་ཚད་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཁ་ལྟ་བུ་ཞིག་ཀྱང་རེད། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་གཞི་འདིར་སྟངས་འཛིན་ནན་པོ་བྱས་ནས“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བར་དམིགས་ཏེ། འདུ་ཤེས་དང་བསམ་ཕྱོགས་གསར་གཏོད་དང་། བྱ་ཐབས་གསར་གཏོད། གཞི་རིམ་གྱི་ལས་དོན་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྩ་འཛུགས་ཀྱི་འགན་ལེན་ནུས་པར་ཤུགས་སྣོན་བརྒྱབ་པས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་ཡོད།

རྨང་གཞི་བརྟན་དུ་གཏོང་བ་དང་འབྲེལ་མཐུད་བདེ་བླག་ཡོང་བ་བྱས་ནས་ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ཙུའུ(ཏང་ཨུད)ཚན་ཁག་གི་ཁོངས་མིས་ཏང་ཀྲི་པུའུ་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཚད་ལྡན་ཅན་གྱི་ཏང་ཀྲི་པུའི་དཔེ་སྟོན་ས་ཚིགས་15བཙུགས་པ་དང་། ཚད་ལྡན་ཅན་གྱི་ཏང་ཀྲི་པུའི་སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་བ། རྩ་འཛུགས་གསར་འཛུགས་དང་ཚན་ཁག་འཛུགས་སྐྱོང་ཚད་ལྡན་ཅན་དང་། ཆབ་སྲིད་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་ཅན། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ཚད་ལྡན་ཅན་བཅས་བྱས་ཡོད། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཏང་སྤྱི་ཁྱབ་ཀྲི་པུའུ་སོགས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བོད་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟུགས་བརྙན་བཟང་པོ་བཏོད་ཡོད།

ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གཡུལ་ས་མདུན་མར་བློ་སྟོབས་ཆེན་པོས་བསྐྱོད་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱས་ཤིང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་མའི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། ཚང་མའི་སྣེ་ཁྲིད་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱས་པ། ཚན་པ་དེ་གའི་བཅའ་སྡོད་བྱ་ཡུལ་གྲོང་ཚོ་དང་འབྲེལ་གཏུག་བྱ་ཡུལ་སྡེ་ཁུལ་གྱི་མང་ཚོགས་ལ་རང་རྟོགས་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་1.6ལྷག་ཙམ་གྱིས་ཏང་ཡོན་གྱི“འགན་ལེན་གསུམ་གྱི་ལས་དོན”ནང་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་ཁག་7དོན་འཁྱོལ་ནན་ཏན་བྱས་པ་དང་འཐབ་ས་དང་པོར་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་གི་ལས་དོན་ནང་ཞུགས་པ་དང་འགོག་ཟོན་དྲ་མིག་བརྟན་དུ་བཏང་ཡོད། ན་ནིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་དང་གདོང་ལེན་རུ་ཁག་186དང་གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་མི་སྣ་འདུ་འཛོམས་ཆེ་ཁུལ་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་ཡུལ་དུ་ཏང་ཡོན་གྱི་གདོང་ལེན་ལས་གནས་630ལྷག་ཙམ་བཙུགས་ནས་ཏང་ཡོན་ལ་སྔོན་ཐོན་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་དང་། རིམས་འགོག་གི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ནང་རང་འགུལ་ངང་ཞུགས་པ་དང་ཏང་དར་རིམས་འགོག་གི་འཐབ་ས་དང་པོར་བཙུགས་ཡོད། དུས་མཚུངས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་དང་སྡེ་ཚོགས་ཚོགས་མིས་ད་དུང་ཧུའུ་པེའི་རིམས་འགོག་ལ་སྒོར་ཁྲི་1259.8ཞལ་འདེབས་བརྒྱབ་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་ཧུར་ཐག་ཞུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་བྱེད་པ་གྲོང་སྡོད་དང་། གནས་ངེས་གཏན་གྱི་དབུལ་སྐྱོར། ཆ་སྒྲིག་རོགས་སྐྱོར་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་རེད། ན་ནིང་ནས་བཟུང་སྡེ་ཚན་ཁག་གིས་ཁྱོན་མ་དངུལ་སྒོར་ཁྲི་3800ལྷག་ཙམ་གྲབས་གསོག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་དང་ལྗོངས་ཡོངས་ཀྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱེད་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག” དོན་འཁྱོལ་ནན་ཏན་བྱས་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བྱས་པ། “གསར་གཏོད་ལམ་བུར”ཡག་པོ་བསྐྱོད་པ། “སྒྱུར་བཅོས་བྱ་ཐབས”ཡག་པོ་སྤྱད་པ། “སྐྱེ་ཁམས་ཀྱི་ལས་དོན”ཡག་པོ་བསྒྲུབས་པ། གཞི་རིམ་གྱི་ཐོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཞི་རྒྱུ་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་ཡོད། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཁེ་ཕན་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་བ་དང་རེ་སྒུག་བྱེད་པའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་ཡོད། འདི་ལོ་ནས་བཟུང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཐུན་མོང་ཐོག་མང་ཚོགས་ཀྱི་དོན་དངོས་3436ཐག་གཅོད་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་སོང་བ་དང་ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་སོང་ཡོད།

(ཉི་དོན་དང་། བཀྲ་ཚེ། བསོད་བདེ། བདེ་དབང་བཅས་ཀྱིས་སྒྱུར་ཞུས་བྱས)