《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月21日

གྲོང་གསེབ་མཛེས་སྡུག་ལྡན། མང་ཚོགས་བདེ་ཞིང་སྐྱིད།

གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་ཡོད། ཉེ་བའི་ལོ་ཤས་རིང་རྫོང་དེས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ཁུངས་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ“ཐོན་སྐྱེད་འཕེལ་རྒྱས་དང་། སྐྱེ་ཁམས་བཟང་བ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་དམིགས་ཚད་ལ་དམིགས་པ་དང་། ཚན་ཞིབ་ཚོགས་པ་ཆེ་གྲས་ཁག་ལ་བརྟེན་པ། རྒྱུན་མཐུད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་དོ་དམ་འདུ་ཤེས་སྤྱོད་པ་བཅས་བྱས་ཏེ། གྲོ་མོའི་ཉ་དང་། གྲོ་མོའི་མོག་རོ། མ་ནུ་བསེ་ཤིང་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་རྫས་འཚོལ་ཞིབ་དང་གསར་སྤེལ་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་དྭངས་ཤིང་གཙང་བའི་རི་ཆུ་དང་སྐྱེ་ཁམས་བཟང་པོ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི“མཆོག་ནོར”དུ་འགྱུར་བ་བྱས་པ་རེད།

འདི་ནི་གྲོ་མོ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་གུང་ཁྲན་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་རུ་ཁག་གིས་མ་ནུ་བསེ་ཤིང་ཚོད་འདེབས་བྱེད་བཞིན་པ།